མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅན་ཚ་ཆེད་ལས་མཉམ་ལས་ཁང་གིས་རོང་འབྲོག་པའི་ཡོང་སྒོ་སྤེལ་བར་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-10 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་གིས་རྩྭ་སའི་ཕྱུགས་ལས་ཀྱི་ལེགས་ཆར་བརྟེན་ནས། སྐྱེ་ཁམས་དང་དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱི་འདུ་ཤེས་བཙུགས་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་གསར་སྤེལ་ཀྱི་ཐབས་ལམ་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་ལ་ཤུགས་བསྣན།

རྒྱུས་ལོན་པ་ལྟར་ན། གཅན་ཚ་ཐང་ལོ་བ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཐོ་འགོད་བྱས་ཏེ་བཙུགས་པའི་ཚུན། ཧུར་བརྩོན་གྱིས་ཚོང་རྟགས་ཐོ་འགོད་དང་ས་གཤིས་ངོས་ངེས་བྱ་བ་ལེགས་འགྲུབ་བྱས་པའི་རྨང་གཞིའི་སྟེང་། རྩྭ་སར་གཞིགས་ཏེ་ཕྱུགས་ཟོག་གཏན་འཁེལ་བྱེད་པ་ཚོད་ལྟའི་ངང་ཁྱབ་གདལ་དུ་བཏང་ཞིང་རྩྭ་ས་གོ་རིམ་ལྟར་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་སྟེ། གཡང་དཀར་རྟགས་ཅན་གྱི་ཞོ་དང་རྩམ་པ། མར། ཕྱུ་ར་སོགས་ཕྱུགས་ལས་ཐོན་རྫས་སྐོར་ཞིག་ཚོང་རར་བཀྲམས། ཉེ་ལམ། མཉམ་ལས་ཁང་གི་ལས་འཛིན་ཚོགས་འདུའི་སྟེང་མཉམ་ལས་ཁང་གིས་ཚོགས་མིར་ཐེངས་གཅིག་ལ་སྒོར་ཁྲི6གི་ཁེ་སྤོགས་བྱིན་པ་དང་། ཚོགས་མི་རེར་ཆ་སྙོམས་ཀྱིས་སྒོར1342ཀྱི་ཁེ་སྤོགས་ཐོབ་པ་དང་། མཉམ་ལས་ཁང་གི་ལོ་ཧྲིལ་བོའི་ཕན་འབྲས་ཀྱིས་ཚོགས་མི་ལ་ཕན་ཁེ་བསྐྲུན་ཏེ། གཅན་ཚ་ཐང་ཤང་གི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་མགོ་ལེགས་པོ་རྩོམ་པ་མངོན་འགྱུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག