མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧོང་ཀྲུང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར19བཏང་ནས་དམངས་ལ་དོན་དངོས10སྒྲུབ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-09 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གིས་ཞིང་ཕྱུགས་ལས་ཐོན་སྐྱེད་དང་རིག་གནས་གནས་སྐོར། སློབ་གསོ་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ཁོར་ཡུག་སྲུང་སྐྱོང་། དབུལ་སྐྱོར་གསར་སྤེལ་སོགས་དམངས་ལ་དོན་དངོས་སྒྲུབ་པའི་ལས་གཞི་ཆེན་མོ10ལ་མ་དངུལ་སྒོར་དུང་ཕྱུར19.12བཏང་ནས། དམངས་ལ་ཕན་ཁེ་བསྐྲུན་ཐུབ་པའི་ལས་གཞི་དངོས་འབེབས་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཧུར་བརྩོན་གྱིས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་།

ཞིང་ཆེན་ཡོངས་ཀྱི་ཞིང་ལས་རྫོང་ཆེན་མོ་ཡིན་པའི་ཆ་ནས། ད་ལོར་ཧོང་ཀྲུང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.04བཏང་ནས་དྲོད་ཁང895དང་ཕྱུགས་བཀོལ་དྲོད་ཁང1000གསར་འཛུགས་བྱས་པ་དང་། དྲོད་ཁང་རྙིང་བ1000ལེགས་བཅོས་བྱས། དུས་མཚུངས་སུ་འཆར་བཀོད་མ་དངུལ་སྒོར་ཁྲི2360.7བཏང་ནས་ཕན་ནུས་མཐོ་བའི་ཆུ་གྲོན་ཡུར་ཆུ་འདྲེན་པའི་གཙོ་གནད་རྫོང་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་མ་ཟད། ལི་ཅ་ཧྲན་དང་ལམ་ལུང་། ཐུའུ་མིན་ཀོན་བཅས་ཤང་གྲོང་དུ་དྲོད་ཁང1030ཡི་ཆ་སྡེབ་སྒྲིག་ཆས་ཆ་སྡེབ་བྱས།

རི་མ་ས་ཁུལ་གྱི་བྱིས་པ་སློབ་གྲྭ་འགྲོ་དཀའ་བའི་གནད་དོན་ཐག་བཅད་པ་དང་། ཧོང་ཀྲུང་རྫོང་གིས་མ་དངུལ་སྒོར་ཁྲི260བཏང་ནས་སློབ་གྲྭའི་རླངས་འཁོར10ཉོ་སྒྲུ་བྱེད་རྒྱུ་ཡིན་པ་མ་ཟད། མ་དངུལ་སྒོར་ཁྲི3887བཏང་ནས་ཚད་ལྡན་ཅན་གྱི་སློབ་གྲྭ3དང་བྱིས་གཉོར་ཁང10གསར་འཛུགས་བྱས།

གཞན་ཡང་ཧོང་ཀྲུང་རྫོང་གིས་ད་རུང་ཤང་གྲོང་དཀའ་ངལ་མང་ཚོགས་ལ་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི9500དང་ནད་རིགས་ལྕི་མོའི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི1700བྱིན་པ་དང་། དུས་མཚུངས་སུ་སྡེ་བ30ནས་དབུལ་སྐྱོར་གསར་སྤེལ་གྱི་སྡེ་བ་ཧྲིལ་བོར་སྐུལ་འདེད་གཏོང་བའི་ལས་གཞི་ལག་བསྟར་བྱས་ཤིང་། ཁྱིམ་ཚང4600དང་མི་ཁྲི1.93ལ་རོགས་སྐྱོར་བྱས་ཏེ་ཀྲུང་བོད་ལུགས་རྩྭ་སྨན་འདེབས་འཛུགས་དང་ཕྱུགས་ཟོག་གསོ་སྤེལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག