མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མི་ཁྲི8ལྷག་ལ་གསོ་བཅོས་ཞབས་ཞུ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-09 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“ལྔ་བཅུ་གཉིས་པའི”དུས་སྐབས་སུ་ཀྲུང་གོའི་དབང་བོ་སྐྱོན་ཅན་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི“རེ་འདུན་བྱ་འགུལ་འཆར་འགོད”དང“དབང་བོ་སྐྱོན་ཅན་ལས་དོན་ཀྱི་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་ཆེད་དམིགས་གསོ་བཅོས”སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་མི་ཁྲི8ལྷག་ལ་གསོ་བཅོས་ཞབས་ཞུ་བསྐྲུན།

དུས་ཡུན་ལོ་གསུམ་རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་དབང་བོ་སྐྱོན་ཅན་ལྷན་ཚོགས་ཀྱིས་ཀྲུང་དབྱང་ནོར་སྲིད་བརྒྱུད་དེ་བསྡོམས་པས་དབང་བོ་སྐྱོན་ཅན་མི་སྣའི་གསོ་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི3478རྩིས་སྤྲོད་བྱས། དེའི་ནང་དབང་བོ་སྐྱོན་བྱིས་པའི་གསོ་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི159དང་། རྒྱན་ཤོག་སྤྱི་ཕན་གསོ་བཅོས་རོགས་སྐྱོར་ལས་གཞིའི་མ་དངུལ་སྒོར་ཁྲི1892། དབང་བོ་སྐྱོན་ཅན་ལས་དོན་ཁ་གསབ་མ་དངུལ་སྒོར་ཁྲི327བཅས་ཡོད། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བསྡོམས་པས་དབང་བོ་སྐྱོན་ཅན་གསོ་བཅོས་འགྲོ་འགྲོན་སྒོར་ཁྲི2200བཀོད་སྒྲིག་བྱས་ཡོད། “ལྔ་བཅུ་གཉིས་པའི”དུས་དཀྱིལ་བར་དུ། ཞིང་ཆེན་ཡོངས་ཀྱིས་དབང་བོ་སྐྱོན་ཅན་གསོ་བཅོས་བྱ་བའི་འགྲོ་གྲོན་སྒོར་ཁྲི5678བཏང་བ་དང་། བསྡོམས་པས་དབང་བོ་སྐྱོན་ཅན་མི82928ལ་གསོ་བཅོས་ཞབས་ཞུ་མཁོ་འདོན་བྱས། མིག་སྔའི་བར་དུ། མཚོ་སྔོན་གྱིས“ལྔ་བཅུ་གཉིས་པའི”གསོ་བཅོས་སྤྱིའི་ལས་འགན་གྱི་མི120000ཡི69.1%ལེགས་འགྲུབ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག