མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཕང་འབྲས་ཐོན་ལས་དེ་ན་གོར་མོ་གྲོང་ཁྱེར་གྱི་ཞིང་བ་ཕྱུག་བསྒྱུར་གྱི་ཐོན་ལས་གཙོ་བོར་གྱུར་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ན་གོར་མོ་གྲོང་ཁྱེར་གྱིས་འཕང་འབྲས་ཐོན་ལས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན། ཚོང་རྟགས་ཅན། ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དེ་ཁ་ཕྱོགས་སུ་བརྩིས་ནས། འཕང་འབྲས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དོ་དམ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བས། འཕང་འབྲས་འདེབས་འཛུགས་གཞི་ཁྱོན་མུ་མཐུད་ནས་ཇེ་ཆེ་དང་དོ་དམ་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་ནས། འཕང་འབྲས་ཐོན་ལས་དེ་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་བ་ཕྱུག་བསྒྱུར་དང་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་པའི་ཐོན་ལས་གཙོ་བོར་གྱུར།

2013ལོར། ན་གོར་མོ་གྲོང་ཁྱེར་གྱི་འཕང་འབྲས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་བཞི་དང་སྟོང་གཅིག་ཉིས་བརྒྱར་བསླེབས་པ་དང་། སིལ་སྐམ་ཐོན་ཚད་སྤྱི་རྒྱ་ས་ཡ་དྲུག་དང་ཁྲི་གཅིག་སྟོང་དགུ་དང་། ཐོན་རིན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་གཅིག་ལ་བསླེབས། མི་ཁྲི་གཅིག་དང་སྟོང་གསུམ་འཕང་འབྲས་བཏོག་པའི་ལས་ཀར་ཞུགས་ནས། ངལ་རྩོལ་ཡོང་སྒོ་སྒོར་བྱེ་བ་ལྔ་ལྷག་ལ་བསླེབས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག