མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མ་དངུལ་སྒོར་དུང་ཕྱུར4.34བཏང་ནས་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོ་གསར་འཛུགས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-08 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གིས་བོད་བརྒྱུད་ནང་བསྟན་རིག་གནས་གནས་སྐོར་གནས་མཆོག་དང་ཟི་ལིང་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་འགྲེམ་སྟོན་ལྟེ་གནས་དམིགས་འབེན་དུ་བཟུང་སྟེ། སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོའི་འཆར་འགོད་འཛུགས་སྐྲུན་དང་འབྲེལ་ནས་ཧུར་བརྩོན་གྱིས་ལས་གཞི་བརྩོན་ལེན་བྱས་ནས་མཛེས་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་ལས་གཞི5དངོས་འབེབས་བྱས་པ་དང་། འཆར་འགོད་མ་དངུལ་སྒོར་དུང་ཕྱུར4.34གཏོང་རྒྱུ་རེད།

སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོའི་མངའ་ཁོངས་ས་ཁུལ་འཛུགས་སྐྲུན་བྱེད་པ། ཙོང་ཁའི་དམངས་སྲོལ་གོམས་འདྲིས་གླིང་འཛུགས་སྐྲུན་བྱས་ཏེ། དེར་ཙོང་ཁའི་དམངས་ཁྲོད་གོམས་འདྲིས་འགྲེམ་སྟོན་དང་མཚོ་སྔོན་གྱི་ཁྱད་ལྡན་བཟའ་བཏུང་ཞབས་ཞུ། རོལ་རྩེད་དང་དངོས་ཟོག་ཉོ་སྒྲུབ་བཅས་གཅིག་ཏུ་འདུས་ཡོད། མཚོན་རྟགས་རང་བཞིན་གྱི་བརྐོས་གཟུགས་ཆེན་མོ་དང་མཛེས་ལྗོངས་ཁུལ་གྱི་ཐང་ཆེན་འཛུགས་སྐྲུན་བྱེད་པ་དང་། མཛེས་ལྗོངས་ཁུལ་གྱི་རྒྱ་སྒོ་ཆེན་མོ་དང་མཁར་གྲོང་བསྐོར་ལམ་འཛུགས་སྐྲུན་བྱས་ཏེ་གནས་སྐོར་རླངས་འཁོར་དང་བརྒྱུད་འགྲོ་རླངས་འཁོར་ཕན་ཚུན་དབྱེ་བ་དང་། གནས་སྐོར་པའི་ཞབས་ཞུ་ལྟེ་གནས་དང་གནས་སྐོར་ཕྱོགས་བསྡུས་ཚོང་ལས་སྲང་ལམ། ལྗོངས་རྒྱུ་རླངས་འཁོར་ས་ཚིགས་སོགས་འཛུགས་སྐྲུན་བྱེད་པར་ད་ལོར་འཆར་འགོད་མ་དངུལ་སྒོར་དུང་ཕྱུར2གཏོང་རྒྱུ་རེད།

གཅིག་གྱུར་ཅན་གྱི་མཛེས་ལྗོངས་ཁྱམས་ར་འཛུགས་སྐྲུན་བྱེད་པ། ད་ལོར་འཆར་འགོད་མ་དངུལ་སྒོར་ཁྲི2400བཏང་ནས་རྗེ་ཙོང་ཁ་པའི་ལོ་རྒྱུས་སྒྱུ་རྩལ་གྱང་རིས་དང་ཙོང་ཁའི་རིག་གནས་རྡོ་ཆས་དང་རྡོ་རིང་སོགས་ཀྱི་མཛེས་ལྗོངས་ཐོན་རྫས་ཚོང་ར་འཛུགས་སྐྲུན་བྱས་ནས་ཙོང་ཁའི་རིག་གནས་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཁྱམས་ར་བཙུགས་ནས་གནས་སྐོར་ཁུལ་གྱི་སྣང་བརྙན་མཐོར་འདེགས་དང་གནས་སྐོར་ལྟ་སྐོར་གྱི་རོལ་རྩེད་རང་བཞིན་ཇེ་མཐོར་གཏོང་རྒྱུ་རེད།

ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། ད་ལོར་མ་དངུལ་སྒོར་དུང་ཕྱུར1བཏང་ནས་སྐར་མ་རིམ་པའི་མགྲོན་ཁང་དང་སྐྱེ་ཁམས་གླིང་། སྤྲོ་ཁང་རང་བཞིན་གྱི་མགྲོན་ཁང་དང་འབྲེལ་ཡོད་ཞབས་ཞུ་ཆ་སྡེབ་སྒྲིག་ཆས་གསར་འཛུགས་བྱས་ཏེ། ཧོང་ཀྲུང་རྫོང་གི་གནས་སྐོར་སྣེ་ལེན་ཞབས་ཞུ་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད། མ་དངུལ་སྒོར་དུང་ཕྱུར1བཏང་ནས་བོད་རིགས་ཁྱད་ཆོས་ལྡན་པའི་སྡེ་བ་འཛུགས་སྐྲུན་དང་བོད་རིགས་འཚོ་བ་རོལ་མྱོང་ས་ཁུལ་བཙུགས་ཏེ་རྒྱ་ཁྱོན་ལ་མུས་གྲུ་བཞི་མ30000ཡོད་པའི་གདོད་མའི་རྣམ་པའི་བོད་ལུགས་ཀྱི་བཟོ་སྐྲུན་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་རེད། གཞན་ཡང་མ་དངུལ་སྐོར་ཞིག་བཏང་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག