མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོའི་ནང་མཚོ་སྔོན་གྱི་ལས་ཞུགས་བྱ་བར་མགོ་ལེགས་པོ་བརྩམས་པ་དང་གྲོང་རྡལ་གྱི་གསར་བསྣན་ལས་ཞུགས་མི་གྲངས་ཁྲི1.33ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-08 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་ནང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རྙོག་འཛིང་ཆེ་བའི་དཔལ་འབྱོར་དང་ལས་ཞུགས་ཀྱི་གནས་བབ་ལ་ཁ་གཏད་དེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལ་གཞིགས་ཏེ་གཙོ་གནད་ལ་དམིགས་པ་དང་བྱེད་ཐབས་ལ་ཤུགས་བསྣན་ནས། ནུས་པ་མཐོར་འདེགས་དང་ཧུར་བརྩོན་གྱིས་ཐག་གཅོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཡང་བསྐྱར་ལས་ཞུགས་བྱ་བའི་སྤྱི་ཡོངས་བརྟན་བརླིང་ངང་འཁོར་སྐྱོད་བྱས་པས་ལས་ཞུགས་བྱ་བའི་མགོ་ལེགས་པོ་བརྩམས་ཡོད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ལས་བྱེད་མི་སྣའི་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་ནང་། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་གསར་བསྣན་ལས་ཞུགས་མི་གྲངས་ཁྲི1.33ལ་སླེབས་པ་དང་། ལས་ཞུགས་དཀའ་ངལ་ཆེ་བའི་མི1134ཡང་བསྐྱར་ལས་ཞུགས་མངོན་འགྱུར་བྱས་ཤིང་། གྲོང་རྡལ་གྱི་རིགས་སོ་སོའི་ལས་ཤོར་མི་སྣ་མི8064ཡིས་ཡང་བསྐྱར་ལས་ཞུགས་བྱས་ལ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི43.47སྤོ་བསྒྱུར་ལས་ཞུགས་བྱས།

ཟླ1པོ་ནས་ཟླ3པའི་བར་དུ། འབྲེལ་ཡོད་སྡེ་ཁག་སོ་སོས་གཙོ་གནད་མང་ཚོགས་ལས་ཞུགས་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ནས། ཐོན་ལས་རིམ་འཕར་དང་འབྲེལ་ནས་ཧུར་བརྩོན་གྱིས་སྔར་ལས་མང་བའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་འཚམ་པའི་ལས་རྐང་གསར་སྤེལ་དང་རྒྱ་བསྐྱེད་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མ་གཞི་རིམ་གྱི་ཞབས་ཞུ་བྱ་བའི་ལས་རྐང་དུ་ལས་ཞུགས་བྱེད་པར་སྐུལ་མ་བཏང་བ་དང་། མཐོ་རིམ་མཐར་ཕྱིན་སློབ་མའི་རང་བདག་ལས་སྐྲུན་ལ་སྐུལ་ལྕག་གཏོང་བའི་སྲིད་ཇུས་དངོས་འབེབས་བྱས། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་བྱེད་པ་དེ་ལས་ཞུགས་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་རོང་འབྲོག་པའི་ཡོང་སྒོ་གོང་དུ་སྤེལ་བ། རྩོལ་ལས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་རྒྱུན་འཁྱོངས་བྱེད་པའི་ནུས་ལྡན་བྱེད་ཐབས་དང་གལ་ཆེའི་བྱ་བར་རྩིས་ཏེ། ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པ་སྤོ་བསྒྱུར་ལས་ཞུགས་བྱ་བར་སྐུལ་འདེད་བཏང་།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག