ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ཟླ་གཉིས་ཙམ་གྱི་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་ཤུགས་རྩ་འཛུགས་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཆབ་ཆ་གྲོང་རྡལ་གྱི་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱས་ཏེ། རྒྱ་ཆེའི་སྡོད་དམངས་ལ་དག་གཙང་གི་ཁོར་ཡུག་ཅིག་བསྐྲུན།
དུས་ཡུན་རིང་བོར་ཆབ་ཆ་གྲོང་རྡལ་ཉེ་འཁོར་གྱི་ཆུ་ལམ་ལ་གད་སྙིགས་ཀྱིས་བཀང་བ་དང་ལུགས་འགལ་སྒོས་བཙོག་ཆུ་ཕྱིར་བཏང་བ་སོགས་གནད་དོན་གྱིས་ཆུ་ལམ་བཀག་པ་དང་ཉེ་འཁོར་སྡོད་དམངས་ཀྱི་ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས། ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆབ་ཆ་གྲོང་རྡལ་གྱི་ཆུ་ལམ་གྱི་གད་སྙིགས་དང་འདམ་རྫབ། མཁོ་མེད་སྙིགས་རོ་བཅས་སྒོ་ཀུན་ནས་གཙང་སེལ་བྱས་པ་དང་། ཆབ་ཆ་གྲོང་རྡལ་གྱི་ཆུ་ལམ་ལ་དོ་དམ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ལ། ཆུ་ལམ་གྱི་བདེ་སྙོམས་དང་དག་གཙང་སྲུང་འཛིན་བྱས་ཏེ། ཁོར་ཡུག་གི་སྤུས་ཚད་དང་རྣམ་པ་ཇེ་ལེགས་སུ་བཏང་སྟེ། ཁོར་ཡུག་གཙང་དག་ཅན་དང་སྒྲིག་ལམ་ཅན། མཛེས་སྡུག་ཅན། ལམ་ལུགས་ཅན་བཅས་ཀྱི་ཚད་གཞི་རུ་བསླེབ་པར་བརྩོན་ལེན་བྱས། དེ་དང་མཉམ་དུ་ཁུལ་ཆུ་བེད་ལས་ཁུངས་ཀྱིས་ཆུ་ལམ་གཙང་སེལ་བྱེད་པའི་ལས་བྱེད་པ་བཅུ་ཆེད་དུ་རྩ་འཛུགས་བྱས་ཏེ། དུས་གཏན་ཁེལ་གྱིས་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་ཀྱིན་ཡོད་པ་ཕུད། གཟའ་འཁོར་རེའི་གཟའ་པ་སངས་ཉིན་ཆུ་ལམ་གཙང་སེལ་དང་ལྟ་སྐུལ་ཞིབ་བཤེར་བྱས་ནས། ཆབ་ཆ་གྲོང་རྡལ་ཉེ་འཁོར་གྱི་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུན་ཕན་ལམ་ལུགས་བཙུགས། །