མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་གྱི་ཐོན་རྫས་གྲགས་ཅན་ནན་ཅིན་ནས་ངོ་སྤྲོད་བྱེད་པའི་འདུ་ཚོགས་གྲོལ་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་མཚོ་སྔོན་གྱི་ཐོན་རྫས་གྲགས་ཅན་ནན་ཅིན་ནས་ངོ་སྤྲོད་བྱེད་པའི་འདུ་ཚོགས་དེ་ཚེས7ཉིན་གྱི་ཕྱི་དྲོར་ནན་ཅིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བདེ་བླག་ངང་གྲོལ།

གསར་འགོད་པས་ཚེས7ཉིན་གྱི་ཕྱི་དྲོར་བསྡུས་པའི“མཚོ་སྔོན་གྱི་ཐོན་རྫས་གྲགས་ཅན་ནན་ཅིན་ནས་ངོ་སྤྲོད་བྱེད་པའི་འདུ་ཚོགས་ཀྱི་ཁྱབ་སྒྲོག་ཚོགས་འདུའི”སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རེབ་འདིའི་ངོ་སྤྲོད་འདུ་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་གྲགས་ཅན་ཉིས་བརྒྱ་དང་གཉིས་འགྲེམ་སྟོན་དུ་ཞུགས་པ་དང་། ཐོན་རྫས་རིགས་ཆེན་པོ་ཉེར་བཞི་དང་། ཐོན་རྫས་སྣ་ཁ་སྟོང་གཉིས་དང་སུམ་བརྒྱ་དང་བཅུ་འགྲེམ་སྟོན་བྱས། དེའི་ནང་དུ་ཁེ་ལས་བརྒྱ་དང་གཉིས་ཀྱིས་ཟས་རིགས་སྣ་ཁ་སུམ་བརྒྱ་དང་བཞི་བཅུ་འདོན་སྤྲོད་བྱས་ཤིང་། ཐོན་རྫས་བཙོང་བའི་སྤྱིའི་རིན་གོང་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་ལྔར་བསླེབས།

ངོ་སྤྲོད་འདུ་ཚོགས་ཀྱི་སྐབས་སུ། གཅིག་བསྡུས་ཉོ་ཚོང་མིང་བཀོད་མཛད་སྒོ་ཐེངས་གཅིག་དང་། ཆེད་དུ་ངོ་སྤྲོད་བྱེད་པའི་བྱ་འགུལ་ཐེངས་བཞི་ལ་སྤེལ། མཚོ་སྔོན་གྱི་ཁེ་ལས་ང་བརྒྱད་ཀྱིས་སོ་སོར་རྒྱལ་ནང་གི་ཁེ་ལས་བརྒྱ་དང་ཉེར་བདུན་བར་ཉོ་ཚོང་གྲོས་མཐུན་བརྒྱ་དང་ཉེར་བརྒྱད་བཀོད་པ་དང་། མ་དངུལ་སྒོར་མོ་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་ས་ཡ་གཉིས་ལྷག་ཏུ་བསླེབས། མི་ཁྲི་དགུ་ལྷག་ངོ་སྤྲོད་འདུ་ཚོགས་ལ་ཞུགས། རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་བརྒྱ་དང་ཞེ་གཅིག་གིས་འདུ་ཚོགས་ཀྱི་གནས་ཚུལ་བསྒྲགས།

ངོ་སྤྲོད་འདུ་ཚོགས་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཚོང་བ་རྣམས་ལ་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་དྲིལ་བསྒྲགས་བྱས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམ་སྟོན་དང་། མཚོ་སྔོན་གྱི་ཐོན་རྫས་གྲགས་ཅན་ངོ་སྤྲོད་བྱས་ནས། མཚོ་སྔོན་གྱི་ཐོན་རྫས་གྲགས་ཅན་གྱི་མཚན་སྙན་ཇེ་ཆེར་བཏང་བ་མ་ཟད། མཚོ་སྔོན་གྱི་ཁེ་ལས་དང་ཞིང་ཆེན་ཕྱི་ནང་། རྒྱལ་ཁབ་ཕྱི་ནང་བཅས་ཀྱི་མཉམ་ལས་དང་། གཉིས་ཕན། མཉམ་རྒྱལ་བཅས་ཀྱི་བྱ་བར་ཡར་སྐུལ་བྱས་ནས། སྲིད་གཞུང་ཡིད་ཚིམ་དུ་འཇུག་པ་དང་། ཁེ་ལས་པ་དགའ་རུ་འཇུག་པ། སྤྱི་ཚོགས་ཀྱིས་ཁས་ལེན་དུ་འཇུག་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག