མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ནག་ཉེས་སྔོན་འགོག་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ནག་ཉེས་སྔོན་འགོག་ཆེད་དོན་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཁང་གིས་ནག་ཉེས་བཟོས་པའི་ནར་མ་སོན་པའི་མི་ཉིས་བརྒྱ་དང་གོ་ལྔར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དེ2012ལོ་དང་བསྡུར་ན་མི་ཉེར་ལྔས་ཇེ་ཉུང་དུ་སོང་ཡོད་ལ། ཉེ་བའི་ལོ་ལྔའི་རིང་ལ་ནར་མ་སོན་པའི་མིས་ཡང་བསྐྱར་ནག་ཉེས་བཟོ་ཚད་ལོ་རེ་བཞིན་ཇེ་ཉུང་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ནག་ཉེས་སྔོན་འགོག་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ནག་ཉེས་སྔོན་འགོག་ཆེད་དོན་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ནག་ཉེས་སྔོན་འགོག་བྱ་བ་དེ་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་ནང་དོན་གཙོ་བོར་བཞག་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་ཡུན་རིང་གི་འཕེལ་རྒྱས་ལ་དམིགས་ནས། གཞི་རིམ་གྱི་བྱ་བ་དམ་འཛིན་དང་རྨང་གཞི་འདིང་བ། ཕན་འབྲས་ཡོད་པའི་བྱ་བ་རབ་དང་རིམ་པ་བརྟན་བརླིང་ངང་སྤེལ་ནས། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན།

ད་ལོར། ཆེད་དོན་ཚན་ཆུང་གིས་ན་གཞོན་ལོ་ཆུང་གི་དོ་དམ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ན་གཞོན་ལོ་ཆུང་གི་ཁྲིམས་ལུགས་སློབ་གསོའི་དྲིལ་སྒྲོག་བྱ་བར་མུ་མཐུད་དུ་ཤུགས་བསྣན་ནས། མཐོ་རྒྱུགས་སྐབས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི་བྱ་འགུལ་སྤེལ་བ་དང་། དྲ་རྒྱ་དང་ལག་ཁྱེར་ཁ་པར་སོགས་སྨན་བྱད་གསར་བ་བཀོལ་སྤྱོད་བྱས་ཏེ་ན་གཞོན་ལོ་ཆུང་ལ་ཐད་ཀར་ཁ་གཏད་པའི་སྤྱི་ཚོགས་ཅན་གྱི་ཁེ་དབང་སྲུང་སྐྱོབ་མ་ལག་འཛུགས་པ་བཅས་བྱས་ནས། ན་གཞོན་ལོ་ཆུང་གི་ཡོངས་ཁྱབ་རང་བཞིན་གྱི་ཁེ་ཕན་ཞུ་གཏུག་ཐག་གཅོད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག