མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-06 10:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་གྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་གི་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅུ་གཅིག་པའི་ལྟ་སྐུལ་བསམ་འཆར་བསྒྲགས་པར་མ་ཟད། ད་ལྟའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུ་སྟེང་ནན་གྱིས་བསྟན་དོན། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་དགོས་ན། བསམ་བློའི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། སློབ་སྦྱོང་དང་སློབ་གསོའི་ཐད་སྔར་ལས་དངོས་གཉེར་ཡིན་དགོས་ལ། བསམ་འཆར་བསྡུ་ལེན་བྱས་པ་སྔར་ལས་རྒྱ་ཆེན་ཡིན་དགོས་པ་དང་། ལྟ་སྐུལ་བྱ་བ་སྔར་ལས་གཟབ་ནན་ཡིན་དགོས། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ལྟ་སྐུལ་མཛུབ་སྟོན་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། གཞི་རིམ་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཟབ་སྦྱོང་བྱ་བ་དམ་པོར་བཟུང་ནས། མགོ་ཁྲིད་ཀྱི་སྣེ་ཁྲིད་བྱེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས། དེ་མིན་ད་དུང་གཞི་རིམ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཟབ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། ལྟ་སྐུལ་མཛུབ་སྟོན་བྱ་བའི་ཁྲོད་བྱུང་བའི་གནད་དོན་དུས་ལྟར་གསལ་སྟོན་དང་ཐག་གཅོད་བྱས་ཏེ། གཞི་རིམ་གྱི་སློབ་གསོ་ལག་ལེན་བྱ་འགུལ་གཟབ་ནན་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས། སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ལས་ཁུངས་ཀྱི་དག་ཐེར་བཅོས་སྒྱུར་ལ་ཤུགས་སྣོན་པ་དང་གོང་འོག་མཉམ་འབྲེལ་བྱ་བའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ། དག་ཐེར་བཅོས་སྒྱུར་བྱ་བ་དོན་ཐོག་ཏུ་འབྱོར་བར་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག