མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་གལ་ཆེན་གསུམ་གཏན་འཁེལ་བྱས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་སྐོར་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་གལ་ཆེན་གསུམ་དང་འབྲེལ་བའི་དུས་ཡུན་དང་ཞིབ་ཕྲའི་ནང་དོན་གཏན་འཁེལ་གསལ་བོ་བྱས།

ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་གལ་ཆེན་གསུམ་ནི། གཅིག གཞུང་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་ལ་བྱེད་རྒྱུ་ཡིན་པ། ཉིས་སྟོང་བཅུ་བཞི་ལོར་མཚོ་སྔོན་པོའི་སྐོར་ལམ་ནུབ་མའི་ཤར་རྒྱུད་ནས། ཞིང་ཆེན་ཡོངས་ཀྱི་ཀ་བཞི་རིམ་པ་ཡན་གྱི་མཛེས་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིང་ཚད་ལ་སྤྱི་ལེ་སྟོང་གཉིས་ལྷག་ཡོད་པའི་ལམ་ཉེར་བཞི་དང་། ཞབས་ཞུའི་ས་ཁུལ་གཉིས། རླངས་འཁོར་འདུག་ས་གཅིག་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་འགན་ཁུར་དུས་ལྟར་ཡོངས་འགྲུབ་བྱེད་རྒྱུ་རེད། ཉིས་སྟོང་བཅོ་ལྔ་ལོར། སྤྱིའི་རིང་ཚད་ལ་ཁྱོན་སྤྱི་ལེ་བཞི་བརྒྱ་ལྷག་ཡོད་པའོགཚྭ་འདམ་གཞོང་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བཞིའི་རྒྱུད་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་རེད། ཉིས་སྟོང་བཅུ་དྲུག་ལོར། སྤྱིའི་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ལྷག་ཡོད་པའི་གཙང་གསུམ་འབྱུང་ཡུལ་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བདུན་འགྲམ་རྒྱུད་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཡིན་པར་མ་ཟད། ལོ་གསུམ་གྱི་དུས་ཡུན་སྤྱད་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ་བཞི་སྟོང་ཙམ་ཡོད་པའི་གཞུང་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་རེད།

གཉིས། ཡུལ་ལྗོངས་དང་ཉེ་འཁོར་གྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཡིན་པ། ཉིས་སྟོང་བཅུ་བཞི་ལོར། ཞིང་ཆེན་ཡོངས་ནས་ཀ་ལྔ་རིམ་པ་དང་ཟི་ལིང་གྲོང་ཁྱེར་མཐའ་འཁོར་གྱི་ཀ་བཞི་རིམ་པ་དང་ཀ་གསུམ་རིམ་པའི་ཡུལ་ལྗོངས་བཅོ་བརྒྱད་ལྷག་གི་ཉེ་འཁོར་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཡིན་ལ། ཉིས་སྟོང་བཅོ་ལྔ་ལོར། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གཉིས་ནས་ཀ་གསུམ་རིམ་པའི་ཡུལ་ལྗོངས་སོ་གཉིས་ལ་ཕྱོགས་བསྡུས་ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུ་རེད། ཉིས་སྟོང་བཅུ་དྲུག་ལོར། མཚོ་ལྷོ་དང་མགོ་ལོག ཡུལ་ཤུལ་བཅས་ཁུལ་གསུམ་གྱི་ཀ་གསུམ་རིམ་པའི་ཡུལ་ལྗོངས་ཉེར་གསུམ་ལ་ཕྱོགས་བསྡུས་ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུའི་འགན་ཁུར་དུས་ལྟར་ཡོངས་འགྲུབ་བྱེད་རྩིས་ཡོད།

གསུམ། ལམ་འགྲམ་དང་ཡུལ་ལྗོངས་ཀྱི་ཉེ་འཁོར་དུ་གནས་པའི་ཞིང་གྲོང་གི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཡིན་པ། ཉིས་སྟོང་བཅུ་བཞི་ལོར། ཙོང་ཆུའི་བཞུར་ཡུལ་གྱི་ལམ་འགྲམ་དང་ཡུལ་ལྗོངས་ས་ཁུལ་ན་གནས་པའི་ཞིང་སྡེ་བརྒྱད་ཅུ་ལྷག་གི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་རེད། ཉིས་སྟོང་བཅོ་ལྔ་ལོར། ཚྭ་འདམ་གཞོང་ས་ཁུལ་དང་རྨ་ཆུའི་གཞོང་སའི་རྒྱུད་དུ་གནས་པའི་ལམ་འགྲམ་དང་ཡུལ་ལྗོངས་ས་ཁུལ་ན་གནས་པའི་གྲོང་སྡེ་རེ་བདུན་ལྷག་གི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་རེད། ཉིས་སྟོང་བཅུ་དྲུག་ལོར། གཙང་གསུམ་འབྱུང་ཡུལ་གྱི་ལམ་འགྲམ་དང་ཡུལ་ལྗོངས་ས་ཁུལ་གྱི་ཉེ་འཁོར་དུ་གནས་པའི་གྲོང་སྡེ་ང་བདུན་གྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འོས་འགན་དུས་ལྟར་ཡོངས་འགྲུབ་བྱེད་རྩིས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག