མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གིས་འབྲོག་དམངས་ལ་སྨན་རྫས་དང་བདེ་ཐང་། དྲོལ་འཁོལ་བསྐྱལ་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-05 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་འབྲོག་པ་མང་ཚོགས་ཀྱི་ནད་ལ་ལྟ་དཀའ་བ་དང་སྨན་ཁང་ས་ཐག་རིང་བའི་གནད་དོན་ཐག་གཅོད་པ་དང་། ཧུར་བརྩོན་གྱིས་འབྲོག་པ་མང་ཚོགས་ལ་སྤུས་ཚད་བཟང་ཞིང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་ཆེད། ཉེ་ལམ། གཅིག་སྒྲིལ་རྫོང་གིས་སྨན་རྫས་དང་བདེ་ཐང་། དྲོལ་འཁོལ་བསྐྱལ་བའི་དམངས་ཕན་བྱ་འགུལ་སྤེལ་ཏེ། རྫོང་མི་དམངས་སྨན་ཁང་དང་འགོས་ནད་སྔོན་འགོག་ལྟེ་གནས། བུད་མེད་བདེ་སྲུང་ས་ཚིགས་བཅས་ཀྱི་རྐང་འཛིན་ལས་བྱེད་པ་སྐོང་འཐེན་བྱས་ནས་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ཤིང་། རྫོང་ཡོངས་ཀྱི་ཤང་ལྔ་དང་གྲོང་རྡལ་གཅིག་གི་འབྲོག་པ་མང་ཚོགས་ལ་དུས་ཡུན་ཉིན30རིང་གི་འཁོར་སྐྱོད་སྨན་བཅོས་བྱ་འགུལ་སྤེལ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འཁོར་སྐྱོད་སྨན་བཅོས་རུ་ཁག་གིས་གཙོ་བོ་ལོ65ཡན་གྱི་ལོ་ལོན་གྱི་ལུས་ཕུང་བརྟག་བཤེར་དང་བུད་མེད་ནད་རིགས་བརྟག་བཤེར། མངལ་མ་སྦྲུམ་སྔོན་གྱི་ལུས་ཕུང་བརྟག་བཤེར། ལོ30ཡན་གྱི་བུད་མེད་ཀྱི་འབྲས་སྐྲན་གཉིས་ཀྱི་བརྟག་བཤེར་སོགས་ནད་རིགས་བརྟག་བཤེར་བྱ་བ་སྤེལ་ནས། འཕྲོད་བསྟེན་གྱི་དམངས་ཕན་སྲིད་ཇུས་འགྲེལ་ཀློག་དང་བདེ་ཐང་སློབ་གསོ་དྲིལ་སྒྲོག་བྱེད་རྒྱུ་རེད།

བྱ་འགུལ་སྤེལ་བའི་ཚུན། གཅིག་སྒྲིལ་རྫོང་གི་འཕྲོད་བསྟེན་མ་ལག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་དང་འབྲེལ་ནས་གཞི་རིམ་དུ་གཏིང་ཟབ་ཏུ་བསྐྱོད་དེ་བསམ་འཆར་བསྡུ་ལེན་བྱེད་ས་བཙུགས་པ་དང་། ཡུལ་དངོས་ནས་སྐད་གཉིས་བསམ་འཆར་བསྡུ་ལེན་རེའུ་མིག་བྱིན་ཏེ། འབྲོག་པ་མང་ཚོགས་ཀྱི་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་ནས་ཕན་འབྲས་ལེགས་པོ་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག