མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས་སློབ་གསོ་གསོ་སྦྱོང་སྤེལ་བར་བཀོད་སྒྲིག་ཞིབ་མོ་བྱས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཞི་ཉིན། མཚོ་སྔོན་གྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་དང་འབྲེལ་བའི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ད་དུང«ཉིས་སྟོང་བཅུ་བཞི་ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་གནད་ས»ལ་ཞིབ་འཇུག་གྲོས་བསྡུར་བྱས་ནས། ཉིས་སྟོང་བཅུ་བཞི་ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།

ཚོགས་འདུ་ལས་བསྟན་དོན། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་སྒྲུབ་སྐབས་གནས་བབ་ཀྱི་འཕེལ་འགྱུར་དང་བསྟུན་པ་དང་། བྱ་བ་གཙོ་བོའི་ཆེ་ཕྱོགས་ལ་དམིགས་པ། ལས་བྱེད་པའི་འཚར་ལོངས་ཀྱི་དགོས་མཁོར་དམ་དུ་སྦྲེལ་བ། འབུར་ཐོན་གནད་དོན་ཡང་དག་པར་འཚོལ་བ་དང་དེར་དབྱེ་ཞིབ་ཆ་ཚང་བྱེད་པ་བཅས་བྱས་ཏེ། བཅོས་སྒྱུར་དང་གསར་སྐྲུན་གྱི་བསམ་བློ་དང་ཁྱད་ཆོས་འབུར་ཐོན་གྱི་བྱེད་ཕྱོགས། དོན་དངོས་ལྷུར་ལེན་གྱི་ཐབས་ཇུས་བཅས་གཞིར་བཟུང་ནས། མིག་སྔའི་མཚོ་སྔོན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བའི་ཁྲོད་གནས་པའི་གནད་དོན་ཅི་ཡོད་གཙང་སེལ་བྱེད་དགོས་ཟེར།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྣམ་པ་གསར་བའི་འོག་གི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་ལེགས་པོར་སྒྲུབ་དགོས་ན། ཁྱད་ལྡན་ཐོན་རྫས་ཆེ་གྲས་གསར་སྐྲུན་བྱེད་པ་དང་། བོད་སྐད་ཡིག་གི་གསོ་སྦྱོང་བྱ་བ་ཤུགས་ཆེར་སྤེལ་ནས། ཧུར་བརྩོན་ཆེན་པོས་མཚོ་སྔོན་རང་གི་ཁྱད་ཆོས་ཀྱིས་མངོན་པར་ཕྱུག་ལ་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཁྱད་ཆོས་འདུས་པའི་སྣང་བརྙན་ལེགས་པོ་བསྐྲུན་དགོས་པ་ཕུད། ཞིང་ཆེན་རང་གི་ད་ཡོད་གནས་བབ་དང་དངོས་ཡོད་གནད་དོན་ལ་རྐང་བཙུགས་ཏེ། འཚོལ་དཔྱོད་དང་གསར་སྐྲུན་གྱི་ཁྱད་ཆོས་མངའ་བའི་ལས་བྱེད་པའི་དཔུང་སྡེ་གསར་བ་ཞིག་ཆར་རྗེས་ཀྱི་ཤྭ་འོད་བརྡོལ་བ་བཞིན་འཚར་ལོངས་འབྱུང་བར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག