མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་ས་ཁུལ་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་དུར་མཆོད་དུས་ཚིགས་ཀྱི་སྐབས་སུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 10:52

省垣各族各界干部群众清明节祭奠革命先烈.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཟི་ལིང་ས་ཁུལ་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གུས་སེམས་བཅངས་ཏེ་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་རུ་སོང་སྟེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ། པར་འདི་ནི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་འབུལ་བཞིན་པའི་ཚུལ་རེད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་ས་ཁུལ་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གུས་སེམས་བཅངས་ཏེ་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོར་སོང་སྟེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ།

    ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། རྗེས་དྲན་བྱ་འགུལ་ཁྲོད་ཞུགས་པའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་རྒྱལ་གླུ་དཀྲོལ་བ་དང་མཉམ་དུ་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་ལངས་ནས་མྱ་ངན་ཞུས། དེའི་རྗེས་སུ་ན་ཆུང་གདོང་ལེན་པས་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་ཡིན་ཞེས་པའི་གླུ་དབྱངས་བླངས་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག་གིས་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།

    དེའི་རྗེས་སུ་ལོ་ཧོས་ཉིན་དང་ཧའོ་ཕུན། ཝང་ཅན་ཅོན། ལོ་ཡུས་ལིན། རྡོ་རྗེ་རབ་བརྟན། ཝང་ལིན་ཅོན། ཝང་ཞའོ་ཆིན། ཝང་ཞའོ། མའོ་ཞའོ་པེན། སྟག་འབུམ་ཐར། དབང་མོ། མཱ་ཝེ། མཱ་ཧྲུན་ཆིན། པའོ་དབྱི་ཀྲི། མཱ་ཀྲི་ཝེ། ངག་དབང་བསོད་ནམས། ཚུའེ་ཁྲང་དབྱིན་སོགས་མགོ་ཁྲིད་རྗེས་དྲན་རྡོ་རིང་གི་མདུན་དུ་སོང་སྟེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པར་གཟི་བརྗིད་ངང་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་སེམས་གཏིང་ནས་མྱ་ངན་ཞུས།

    གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་བྱ་འགུལ་དེས་ཟི་ལིང་ས་ཁུལ་གྱི་རིགས་སོ་སོ་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་སྟེ། ཚང་མས་གཅིག་རྗེས་གཉིས་མཐུད་སྒོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་དང་བླ་ན་མེད་པའི་གསར་བརྗེའི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག བྱ་སྤྱོད་དངོས་ཀྱི་སྟེང་ནས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ། ཁུལ་གསུམ་ཧུར་ཐག་སྒོས་འཛུགས་སྐྲུན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱེད་པར་བྱས་རྗེས་དང་བློ་གྲོས། སྟོབས་ཤུགས་བཅས་འབུལ་རྒྱུའི་ཚུལ་བསྟན།

    ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་དང་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་འགན་ཁུར་པ། ཟི་ལིང་ས་ཁུལ་གྱི་རིགས་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་འཐབ་མོ་བ། ན་ཆུང་གདོང་ལེན་པ་བཅས་རྗེས་དྲན་མཛད་སྒོར་ཞུགས། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག