མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་སྟེ་རིག་གནས་གནས་སྐོར་ལས་གཞི་གཙོ་བོ་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་གཉིས་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་གཉིས་བཏང་སྟེ་རིག་གནས་གནས་སྐོར་ལས་གཞི་གཙོ་བོ་འཛུགས་སྐྲུན་བྱེད་པར་སྐལ་འདེད་བཏང་བ་དང་། གནས་སྐོར་དང་རིག་གནས་གཉིས་མཉམ་དུ་འཕེལ་རྒྱས་སུ་བཏང་།

དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་རིག་གནས་རྟེན་མཛོད་ཁང་དང་། སྟོང་སྐོར་གནའ་མཁར་། ཧོར་རིག་རིག་གནས་གླིང་། ཁམས་ར་རིག་གནས་གནས་སྐོར། ཁུ་ནུ་རིག་གནས་ཡུལ་ལྗོངས་ས་ཁུལ་སོགས་རིག་གནས་གནས་སྐོར་ལས་གཞི་གཙོ་བོ་འཛུགས་སྐྲུན་བྱས་ནས། ཟི་ལིང་དང་མཚོ་སྔོན་པོ། སྐུ་འབུམ། ཁྲི་ཀ ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་གོམས་གཤིས་གླིང་སོགས་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ལྗོངས་ས་ཁུལ་ཆེན་པོ་བརྒྱད་ཀྱི་གནས་སྐོར་དང་རིག་གནས་མཉམ་དུ་སྤེལ་བས། དཔལ་འབྱོར་ལ་འཕར་སྣོན་གསར་བ་བྱུང་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་གནས་སྐོར་བྱེད་ས་དོན་བཞིའི་རིག་གནས་དང་གནས་སྐོར་མཉམ་དུ་སྤེལ་བའི་བྱ་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག