མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཉིས་སྟོང་བཅུ་བཞི་ལོའི་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་བྱ་བའི་འགན་ཁུར་ས་གནས་ཁག་ལ་བགོས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་གྱིས་ཉིས་སྟོང་བཅུ་བཞི་ལོའི་མཁར་གྲོང་གི་འགན་སྲུང་རང་བཞིན་དང་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་བྱ་བའི་འགན་ཁུར་ས་གནས་ཁག་ལ་བགོས།

ཉིས་སྟོང་བཅུ་བཞི་ལོར། མཚོ་སྔོན་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་རིགས་མི་འདྲ་བའི་ཁང་རྙིང་འབུམ་གཅིག་ལྷག་བསྒྱུར་བཀོད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ནས་སོ་སོར་སྡོད་ཁང་ཁྲི་ལྔ་ལྷག་དང་ཁྲི་གསུམ་ལྷག་འཆར་གཞིའི་དམིགས་ཚད་ལ་བསླེབ་པར་བྱ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་ནས་ཁྱོན་བསྡོམས་ཞིང་སྡེའི་སྡོད་ཁང་ཁྲི་བདུན་ཙམ་ལས་འདང་ཡོད་ལ། དེའི་ཁྲོད་འཛུགས་སྐྲུན་གྱི་ཁྱབ་རྒྱ་ཆེ་བའི་རིགས་ལ་ཟི་ལིང་གྲོང་ཁྱེར་ནས་ཁྱིམ་ཚང་ཆིག་ཁྲི་ལྔ་སྟོང་དང་མཚོ་ཤར་གྲོང་ཁྱེར་ནས་ཁྱིམ་ཚང་སུམ་ཁྲི་ཙམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་ཁྱིམ་ཚང་ཆིག་སྟོང་ལྔ་བརྒྱ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཁྱིམ་ཚང་ལྔ་སྟོང་ཙམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཁྱིམ་ཚང་དགུ་སྟོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཁྱིམ་ཚང་ལྔ་སྟོང་ཙམ་བཅས་ལས་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ད་དུང་དེའི་ཁྲོད་ནས་ནུས་ཁུངས་གྲོན་ཆུང་གི་དཔེ་སྟོན་ཁྱིམ་ཚང་བརྒྱད་སྟོང་འཛུགས་སྐྲུན་བྱེད་རྩིས་ཡོད་ལ། གནས་སྤར་ས་ཁུལ་ནས་འབྲོག་དམངས་གཏན་སྡོད་ཀྱི་ཁང་བ་བདུན་སྟོང་ཙམ་ལས་རྒྱུའི་འཆར་གཞི་ཡོད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མིག་སྔར་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ཁྲི་ཀ་སོགས་ས་ཁུལ་ནས་མཁར་གྲོང་བདེ་སྡོད་བཟོ་སྐྲུན་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག