མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གིས་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་མཚམས་སྦྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་གནས་སྐོར་བྱེད་ས་གྲགས་ཅན་བསྐྲུན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་། གནས་སྐོར་བྱེད་ས་གྲགས་ཅན་མཚམས་སྦྱོར་བྱེད་ཆེད། ཚེས་གཅིག་ཉིན་གཅིག་སྒྲིལ་རྫོང་གིས་ཆེད་དུ་མི་སྣ་མངགས་ཏེ་གདན་དྲངས་པ་ལྟར་ཉིས་སྟོང་བཅུ་བཞི་ལོའི་གནས་སྐོར་དྲིལ་སྒྲོག་མཚམས་སྦྱོར་ཚོགས་འདུར་ཞུགས།

གནས་སྐོར་མཚམས་སྦྱོར་ཚོགས་འདུའི་སྟེང་། གཅིག་སྒྲིལ་རྫོང་གནས་སྐོར་སྡེ་ཁག་གིས་གཅིག་སྒྲིལ་རྫོང་གི་ཐུན་མོང་མ་ཡིན་པའི་མི་གཞུང་མཛེས་ལྗོངས་དང་། རང་བྱུང་མཛེས་ལྗོངས་ནས་མགོ་བཟུང་སྟེ། ཤུགས་ཆེན་པོས་གཅིག་སྒྲིལ་རྫོང་གི“གཉན་པོ་གཡུ་རྩེ”གནས་སྐོར་ས་ཁུལ་གྲགས་ཅན་བསྐྲུན་ཏེ་ཁྱད་ཆོས་ཅན་གྱི་གནས་སྐོར་བྱེད་ས་དྲིལ་བསྒྲགས་དང་མཚམས་སྦྱོར་བྱས་པ་མ་ཟད། གནས་སྐོར་ཁང་སོ་སོ་དང་གྲོས་བསྡུར་བྱས་ནས། གནས་སྐོར་ཁང་གྱ་གཅིག་དང་གྲོས་མཐུན་བཀོད་པ་དང་། སྐབས་དེར་བསྡོམས་པས་དྲིལ་སྒྲོག་རྒྱུ་ཆ་སྟོང་གཅིག་ལྷག་བཀྲམས།

དྲིལ་བསྒྲགས་བྱས་པ་བརྒྱུད་ནས། གཅིག་སྒྲིལ་རྫོང་གནས་སྐོར་ཐོན་ཁུངས་ཀྱིས་ཞིང་ཆེན་ཕྱི་ནང་དུ་མཚན་སྙན་གྲགས་རྒྱས་ཚད་ཇེ་མང་དུ་སོང་བའི་ཞོར་དུ། ད་རུང་གཅིག་སྒྲིལ་རྫོང་གི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་ཅུང་བརྟན་པོ་བཏིངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག