མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅུ་གཅིག་པའི་ལྟ་སྐུལ་མཛུབ་སྟོན་ཐད་ཀྱི་བསམ་འཆར་ཁྱབ་བསྒྲགས་བྱས་པ་དང་། ཉེ་ལམ་གྱི་སློབ་གསོ་ལག་ལེན་བྱ་འགུལ་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་ནས། བསམ་བློའི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། སློབ་སྦྱོང་སློབ་གསོ་ཐད་ནས་སྔར་ལས་དངོས་གཉེར་བྱེད་དགོས་པ། བསམ་འཆར་བསྡུ་ལེན་རྒྱ་ཆེར་བྱེད་པ། ལྟ་སྐུལ་མཛུབ་སྟོན་བྱ་བའི་ཐད་ནས་སྔར་ལས་གཟབ་ནན་བཅས་བྱེད་དགོས་པ་དང་། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ལྟ་སྐུལ་མཛུབ་སྟོན་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། གཞི་རིམ་ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་ཐད་དམ་འཛིན་བྱས་ཏེ། མགོ་ཁྲིད་དང་པོའི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། གཞི་རིམ་གྱི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དུས་ལྟར་ལྟ་སྐུལ་མཛུབ་སྟོན་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་ལན་སློག་པ་དང་ཐག་བཅད་ནས། གཞི་རིམ་སློབ་གསོ་ལག་ལེན་བྱ་འགུལ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བྱེད་དགོས། སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ལས་ཁུངས་ཀྱི་ལེགས་བཅོས་ལག་བསྟར་བྱ་བ་དང་གོང་འོག་མཉམ་འབྲེལ་བྱེད་པའི་བྱ་བའི་ཐད་ཀྱི་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན་ནས། ལེགས་བཅོས་ལག་བསྟར་བྱ་བ་དངོས་འབེབས་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག