མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྲོལ་ཡིག་ཐད་ཀྱི་ཁྲིམས་འཛུགས་རྟོག་ཞིབ་སྤེལ་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་ཁྲིད་ནས། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་སུ་སོང་ནས། མཚོ་སྔོན་ཞིང་ཆེན་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྲོལ་ཡིག་ཐད་ནས་ཁྲིམས་འཛུགས་སྔོན་གྱི་རྟོག་ཞིབ་སྤེལ།

རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་གྱི་གཞི་རྩའི་གནས་ཚུལ་དང་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཟི་ལིང་གྲོང་ཁྱེར་དངུལ་གཏོང་ཀུང་ཟི་དང་ཟི་ལིང་གྲོང་ཁྱེར་ཆུ་འདོན་སྡེ་ཚོགས་སོགས་གྲོང་ཁྱེར་ཁོངས་གཏོགས་ཁེ་ལས་ཀྱིས་རང་སྟེང་གི་ཚོང་གཉེར་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་དང་། ཁེ་ལས་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་དང་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་གྱི་རྨང་གཞིའི་དོ་དམ་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་བྱ་བ་གཞིར་བཟུང་ནས། ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་ཚོང་གཉེར་དོ་དམ་དང་རིན་གྲངས་རྒྱུན་འཁྱོངས་དང་རིན་གྲངས་འཕར་བའི་གནས་ཚུལ་ཐད་ནས་མཚམས་སྦྱོར་བྱས། རྟོག་ཞིབ་ཚན་ཆུང་གིས་ད་དུང་གྲོས་ཚོགས་ལ་ཞུགས་པའི་མི་སྣས་མཚོ་སྔོན་ཞིང་ཆེན་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྲོལ་ཡིག་གི་ཁྲིམས་འཛུགས་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཚའོ་ཧུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྲོལ་ཡིག་དེ་ཁྲིམས་འཛུགས་རྟོག་ཞིབ་ལས་གཞི་རུ་བརྩིས་ནས2014ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་ཁྲོད་བཞག་སྟེ། སྲོལ་ཡིག་གི་མ་ཟིན་འགོད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁྲིམས་འཛུགས་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་པ། ངེས་པར་དུ་ཁྲིམས་འཛུགས་སྔོན་གྱི་རྟོག་ཞིབ་བཟང་བོར་སྤེལ་བ་བཅས་བྱས་ནས། སྲོལ་ཡིག་ཕྱིར་བཏོན་པ་དེས་ཁེ་ལས་ཀྱི་རྒྱལ་དབང་ལྟ་སྐུལ་དོ་དམ་ཐད་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་ཟེར།

རྟོག་ཞིབ་ཚན་ཆུང་ད་དུང་ཞིང་ཆེན་དངུལ་གཏོང་ཀུང་ཟི་དང་མཚོ་སྔོན་དངུལ་ཁང་སོགས་ཞིང་ཆེན་ཁོངས་གཏོགས་ཁེ་ལས་སུ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་དང་། སྲོལ་ཡིག་གི་ཁྲིམས་འཛུགས་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག