ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཏང་ཨུས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ཏེ་ཀྲུང་གོའི་བཟོ་ཞིང་དམག་མི་ནུབ་ལམ་དམག་རྗེས་དྲན་ཁང་དུ་སོང་ནས། སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་དང་རྒྱལ་གཅེས་རིང་ལུགས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱས།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བས་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་གུས་འདུད་དང་བཅས་མེ་ཏོག་ཆུན་པོ་ཕུལ་ནས། གསར་བརྗེ་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས། རྗེས་དྲན་ཁང་གི་ལས་བྱེད་མི་སྣས་འགྲོ་རོགས་འོག ཚང་མས་རྗེས་དྲན་ཁང་གི་པར་རིས་དང་དངོས་བོ། གློག་བརྙན་ལ་བལྟས་པ་བརྒྱུད་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་འོག་གི་ཀྲུང་གོའི་བཟོ་ཞིང་དམག་ནུབ་ལམ་དམག་གིས་རྨ་ནུབ་དོག་ལམ་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་དང་འཐབ་འཛིང་དྲག་པོ་བྱས་ཏེ་རང་སྲོག་བློས་བཏང་བའི་གསར་བརྗེའི་ལོ་རྒྱུས་ཉམས་སུ་མྱངས། །