མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧུའུ་ཀྲུའུ་རྫོང་གིས་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་རོགས་དངུལ་འགྲེམ་གཏོང་བྱས་ཏེ་ཞིང་ཁྱིམ5875ལ་ཕན་ཁེ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-03 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར།  ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གིས་ཧུར་ཐག་སྒོས་རྣམ་གྲངས་མ་དངུལ་བརྩོན་ལེན་བྱས་ཏེ།  མཁར་གྲོང་ལམ་ལུགས་གཅིག་ཅན་དུ་གཏོང་བར་སྐུལ་འདེད་བྱས་པ་དང་།  མཛེས་སྡུག་ལྡན་པའི་མཐོ་སྒང་གི་ཞིང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ་སོགས་ཁྱོན་ཡོངས་ནས་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་བྱ་བ་ཁྱབ་སྤེལ་བྱས།

རྒྱུས་ལོན་པ་ལྟར་ན།  ད་ལོར་ཧུའུ་ཀྲུའུ་རྫོང་གི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་ལས་འགན་དུད་ཁྱིམ5875ཡིན་ལ།  དེའི་ནང་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་གི་ཁང་རྙིང་ལེགས་བཅོས་དུད་ཁྱིམ2320དང་།  ལྔ་སྐྱོང་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་།  དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་སོགས་རོགས་སྐྱོར་བྱེད་ཡུལ་གཙོ་གནད་དུ་བཞག་ནས།  ཁྱིམ་ཚང་རེར་སྒོར་ཁྲི2.5ཡི་ཁ་གསབ་རོགས་དངུལ་གནང་བ་དང་།  ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་དམིགས་ཚད་ཁྱིམ་ཚང3555ཡོད་པ་བཅས་སྡོད་ཁང་འཛུགས་སྐྲུན་གྱི་ཆ་རྐྱེན་ལྡན་པའི་མང་ཚོགས་ལ་ཁ་ཕྱོགས་ནས། ཁྱིམ་ཚང་རེར་སྒོར་ཁྲི1.7གྱི་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག