མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ནིK378མེ་འཁོར་སྟེང་སྐུ་མགྲོན་ཚོའི་ཆེས་དགའ་བསུ་བྱེད་པའི་ཚོང་ཟོག་ཏུ་གྱུར་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-03 10:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས4ཉིན། མཚོ་སྔོན་གྱི་ཚོང་རྫས་གྲགས་ཅན་འོས་སྦྱོར་ཚོགས་འདུ་མི་འགྱངས་བར་ནན་ཅིང་གྲོང་ཁྱེར་ནས་བསྡུ་རྒྱུ་ཡིན་ལ། ཟླ4པའི་ཚེས2ཉིན། གསར་འགོད་པས་ཟི་ལིང་ནས་ཧྲང་ཧེ་དུ་སྐྱོད་པའིK378མེ་འཁོར་སྟེང་དུ་རྒྱ་ཆེའི་སྐུ་མགྲོན་ཚོའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ལ་དགའ་བསུ་བྱེད་པ་མཐོང་། འཐུང་ན་ཁ་ལ་ཞིམ་པའི་ནས་ཆུང་སྔོན་མོ་དང་། རྫས་སྣ་ཚོགས་ཅི་ཡང་བཀོལ་མེད་པའི་མཚོ་སྔོན་གྱི་འོ་ཞོ། ད་དུང་ཤ་སྐམ་སོགས་ཁྱད་ལྡན་ཐོན་ལས་ནི་ཟི་ལིང་ནས་ཧྲང་ཧེ་དུ་སྐྱོད་པའི་མེ་འཁོར་སྟེང་དུ་ཟས་མཆོག་དུ་གྱུར་ཡོད།

ཧྲང་ཧེ་ནས་ཟི་ལིང་ཚོང་ལས་ཀྱི་ལས་ཀ་གཉེར་དུ་ཡོང་བའི་ལྕམ་མོ་ཁྲིན་གྱིས་མཚོ་སྔོན་ནི་ངོ་མ་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག་རེད། གནས་འདིའི་ཁ་དབུགས་གཙང་མ་ཡིན་པ་དང་ས་ཁོངས་ཆེ་བས། ང་ཚོ་མཚོ་སྔོན་ལ་དུང་བ་ཟབ་ཞིང་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ལ་དེ་ལས་ལོངས་སྤྱོད་བྱེད་རྒྱུ་དགའ། ཐེངས་རེར་ཧྲང་ཧེ་དུ་སྐྱོད་སྐབས་མཚོ་སྔོན་གྱི་འོ་ཞོ་དང་ནས་ཆང་། ཤ་སྐམ་སོགས་ཕ་ཡུལ་དུ་བསྐྱལ་བཞིན་ཡོད་ཟེར། K378མེ་འཁོར་སྟེང་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཕྱི་འཚོང་བྱེད་བཞིན་པའི་མེ་འཁོར་ཟ་ཁང་གི་འགོ་གཙོ་ཀྲུའུ་ཆིན་ཡོན་གྱིས་གསར་འགོད་པར་མེ་འཁོར་ཟ་ཁང་ལས་བཀོད་སྒྲིག་བྱས་ཡོད་པའི་མཚོ་སྔོན་གྱི་འོ་ཞོ་དང་གྲོ་མ། འདྲེ་ཚེར་མ། ཤ་སྐམ་སོགས་ལ་རྒྱ་ཆེའི་སྐུ་མགྲོན་ཚོའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ཟེར།

K378མེ་འཁོར་ཟ་ཁང་གི་འགོ་གཙོ་ཀྲུའུ་ཆིན་ཡོན་གྱིས་སྐུ་མགྲོན་ཚོར་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་མཚམས་སྦྱོར་བྱེད་བཞིན་པའི་ཚུལ།
སྐུ་མགྲོན་ཚོས་མཚོ་སྔོན་གྱི་འོ་ཞོ་དང་ཤ་སྐམ་ཉོ་བཞིན་པའི་ཚུལ།
མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པས་སྐུ་མགྲོན་ལ་འཅར་འདྲི་བྱེད་བཞིན་པ། 

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག