མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མུ་འབྲེལ་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དང་ཁུལ་སོག་བོད་སྨན་ཁང་། ཁུལ་ནད་རིགས་ཚོད་འཛིན་ལྟེ་གནས། ཁུལ་འཕྲོད་བསྟེན་ལྟ་སྐུལ་ཁང་སོགས་ལས་ཁུངས་རྩ་འཛུགས་བྱས་ཏེ་དགོན་སྡེ་དང་རྒན་གསོ་ཁང་། བྱིས་པའི་ཕན་བདེ་ཁང་། གཞིས་ཁུལ་སོགས་སུ་སོང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མུ་འབྲེལ་བྱ་འགུལ་སྤེལ། བྱ་འགུལ་ཁྲོད་ལས་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། སྨན་པའི་ནུས་པ་དང་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་དང་སྨན་པའི་སྣང་བརྙན་བསྐྲུན་པའི་བྱ་འགུལ་གྱི་དམིགས་འབེན་མངོན་པར་བྱས་ནས། གཞི་རིམ་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བར་ཞབས་འདེགས་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག