མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོའི་འགན་སྲུང་སྡོད་ཁང2070ཡིས་མང་ཚོགས་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-03 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་ཧུར་བརྩོན་གྱིས་གཞིས་ཁུལ་གསར་རྙིང12ཀྱི་ཕྱོགས་བསྡུས་ལེགས་བཅོས་ལས་འགན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱས་ཏེ། སྤྱི་བའི་གླ་གཏོང་སྡོད་ཁང520འཛུགས་སྐྲུན་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང1550བསྒྱུར་བཅོས་བྱས་ལ། ས་ཁང་བདག་ཁོངས་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར5ལེགས་འགྲུབ་བྱས།

ན་ནིང་། ན་གོར་མོ་གྲོང་ཁྱེར་གྱིས་ཤང་གྲོང་འགན་སྲུང་རང་བཞིན་གྱི་སྡོད་ཁང1883ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། སྡོད་ཁང1440འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། སྡོད་ཁང2772ནང་གནས་སྤོར་བའི་ལས་འགན་ལེགས་འགྲུབ་བྱས་པས། སྡོད་ཁང་མེད་པའི་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ཁྱིམ་ཚང་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས།

ད་ལོར། ན་གོར་མོ་གྲོང་ཁྱེར་གྱིས་དུས་ལྟར་སྤུས་ཚད་ལ་འགན་སྲུང་བྱས་ཏེ་སྤྱི་བའི་གླ་གཏོང་སྡོད་ཁང520གསར་འཛུགས་བྱེད་པ་དང་། གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང902བསྒྱུར་བཅོས་བྱེད་པ། རྒྱལ་དབང་གཏེར་ཁུལ་གྱི་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང648འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་འགྲུབ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག