མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱི་གནས་སྐོར་དམིགས་ཚད་ཆེན་མོ་གཉིས་ཀྱི་་འཕར་ཚད་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒལ་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-02 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ4བའི་ཚེས1ཉིན་བསྡུས་པའི“རབ་མཛེས་མཚོ་སྔོན་དང་དག་སྣང་གི་མཚོ་བྱང”གནས་སྐོར་དྲིལ་སྒྲོག་མཚམས་སྦྱོར་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2013ལོར་མཚོ་བྱང་ཁུལ་གྱིས་གནས་སྐོར་པ་སྣེ་ལེན་བྱེད་ཚད་དང་གནས་སྐོར་ཡོང་སྒོའི་དམིགས་ཚད་ཆེན་མོ་གཉིས་ཀྱི་འཕར་ཚད་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒལ་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་གནས་སྐོར་ལས་དོན་ཁང200ལྷག་གིས་མཚོ་བྱང་གི་ལས་རིགས་ཁག་དང2014ལོའི་མཉམ་ལས་ཀྱི་གན་རྒྱ་བཞག མཚོ་སྔོན་མཐོ་སྒང་གི་གདོད་མའི་སྐྱེ་ཁམས་གནས་སྐོར་གྱི་དཔེ་སྟོན་རང་བཞིན་གྱི་ས་ཁུལ་ཞིག་ཡིན་པའི་ཆ་ནས་མཚོ་བྱང་ཁུལ་གྱི་གནས་སྐོར་ལ་ལོ་གསར་བའི་ནང་མུ་མཐུད་དུ་ཐོལ་བརྒལ་ཆེན་མོ་འབྱུང་བར་རེ་བ་ཡོད།

མཚོ་བྱང་ཁུལ་གྱི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྣ་མང་ཡིན། ཉེ་བའི་ལོ་འགའི་རིང་། ཁུལ་ཡོངས་ཀྱིས་ཉིང་རྡུལ་གྲོང་ཁྱེར་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་དང་ཝང་ལའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། མིན་ཡོན་རྫོང་གི་ཡུངས་དཀར་མེ་ཏོག་དང་ཆི་ལེན་གྲོ་ཨར་ཧྲན། རྐང་ཚ་འོམ་ཆུ་སོགས་མཛེས་ལྗོངས་ཁུལ་གྱི་རྨང་གཞི་ཞབས་ཞུ་སྒྲིག་འཐུས་ཚང་དུ་བཏང་ཞིང་། རོལ་དབྱངས་སྒྱུ་རྩལ་དུས་ཆེན་དང་ཡུངས་དཀར་མེ་ཏོག་དུས་ཆེན། རི་འཛེགས་ཁངས་ཤུད་དུས་ཆེན། རྩྭ་ཐང་ཡུལ་སྲོལ་རིག་གནས་དུས་ཆེན་སོགས་ཁྱད་ཆོས་ལྡན་པའི་གནས་སྐོར་མིང་བྱང་གི་ཤུགས་རྐྱེན་ཇེ་ཆེར་བཏང་། 2013ལོར་མཚོ་བྱང་ཁུལ་གྱིས་གནས་སྐོར་པ་མི་ཐེངས་ཁྲི446.36སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར8.44མངོན་འགྱུར་བྱས་ལ། སོ་སོར་དུས་མཉམ་ལས33.24%དང65.5%འཕར་ཡོད། གནས་སྐོར་དམིགས་ཚད་ཆེན་མོ་གཉིས་ཀྱི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས10.3%དང15.7%གྱིས་མཐོ་ལ། ཞིང་ཆེན་ཡོངས་ཀྱི་འཕར་ཚད་ལས་བརྒལ་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་གནས་སྐོར་གྱི་སྔོན་གྲས་སུ་སླེབས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག