མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་གྱིས་མཐོ་རིམ་སློབ་གྲྭའི་ཏང་འཛུགས་དང་མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་མཚོ་སྔོན་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་ཆེན་མོ་བཅས་སུ་སོང་ནས་མཐོ་རིམ་སློབ་གྲྭའི་ཏང་འཛུགས་དང་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན། རྐང་འཛིན་ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས། མཐོ་རིམ་སློབ་གྲྭས་ལས་བྱེད་པའི་དཔུང་སྡེར་གསོན་ཤུགས་སྣོན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། ཡིད་ཆེས་བརྟན་པ་དང་བྱང་ཚད་མཐོ་བ། བརྩོན་སེམས་ཆེ་བ། འགན་ཁུར་ལྕི་མོ་འཁུར་ཐུབ་པ་བཅས་ཀྱི་རྐང་འཛིན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཤེས་ལྡན་མི་སྣའི་སྐྱེད་སྲིང་ནི་ཝང་ལིན་ཅོན་གྱིས་ཐེངས་འདིར་རྟོག་ཞིབ་བྱེད་ཡུལ་གཙོ་བོ་རེད། ཁོས་མཐོ་རིམ་སློབ་གྲྭས་སྤྱོད་བཟང་སྤེལ་བ་དང་མི་སྣ་སྐྱེད་སྲིང་བྱེད་པའི་བླ་མེད་ལས་འགན་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་དུ་བླངས་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ་དང་། སློབ་གྲྭ་སྒྲུབ་པའི་ཁ་ཕྱོགས་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་བསམ་བློའི་ཆབ་སྲིད་བྱ་བ་གཙིགས་སུ་བཟུང་ནས་དམ་འཛིན་བྱས་ཏེ། སློབ་གྲྭ་ཆེན་མོ་བས་བསམ་བློའི་ཡིད་ཆེས་བརྟན་པོ་བཅངས་པར་སློབ་སྟོན་གནང་དགོས། དུས་སྐབས་གསར་བའི་ལས་བྱེད་པ་བཟང་བོའི“ཚད་གཞི་ལྔ”ལྟར་དུ། ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་རེ་བར་ཟུང་སྦྲེལ་བྱས་ནས། ཆེད་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་། རིག་ཚན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། འགན་ཁུར་དང་དུ་ལེན་ཐུབ་པའི་ཤེས་ལྡན་མི་སྣ་མང་བོ་སྐྱེད་སྲིང་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་དཔུང་སྡེར་གསོན་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག