མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་མ་རྩའི་ཚོང་རའི་འཛུགས་སྐྲུན་དང་མཚོ་སྔོན་འཕེལ་རྒྱས་ཐད་ཀྱི་ཆེད་དོན་འཆད་ཁྲིད་ལ་ཉན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཆི་པེན་གྱིས་སྤེལ་བའི་མ་རྩ་ཚོང་རའི་འཛུགས་སྐྲུན་དང་མཚོ་སྔོན་འཕེལ་རྒྱས་སྐོར་གྱི་ཆེད་དོན་འཆད་ཁྲིད་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་ལ་ཞུགས་པའི་མི་སྣ་སོགས་མི་ལྔ་བརྒྱ་ཚོགས་འདུར་ཞུགས།

འཆད་ཁྲིད་ཀྱིས་མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཆེ་ཕྱོགས་དངུལ་རྩའི་གནས་བབ་དང་རང་རྒྱལ་གྱི་མ་རྩ་ཚོང་རའི་བཅོས་བསྒྱུར་གྱི་གནད་དོན་ཆེན་པོ་འགའ་དང་། རང་རྒྱལ་གྱི་མ་རྩ་ཚོང་རའི་འཛུགས་སྐྲུན་སོགས་ཐད་ནས་འགྲེལ་བཤད་ཞིབ་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མ་རྩ་ཚོང་ར་བེད་སྤྱོད་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་ནས་བསམ་འཆར་བཟང་བོ་བཏོན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་དང་མ་རྩ་ཚོང་རའི་འཕེལ་རྒྱས་ཆོས་ཉིད་དང་འཕེལ་ཕྱོགས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཁྱད་པར་ཅན་གྱི་སྲིད་ཇུས་བརྩོན་ལེན་དང་བཀོལ་སྤྱོད་བྱེད་པ། མ་རྩ་ཚོང་ར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བ་བཅས་ཀྱི་ཐད་ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་ཅུང་ཆེན་པོ་ལྡན་པར་སྙམ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག