མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་རྒྱལ་གྱིས་ཐོག་དང་བོར་གུང་ཧོ་གཤོང་ས་ནས་བཀོལ་སྤྱོད་བྱེད་ཆོག་པའི་སྐམ་ཚའི་བྲག་རྡོའི་ཐོན་ཁུངས་རྙེད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ས་གཤིས་བཟོ་སྐྲུན་ས་གཤིས་ཁོར་ཡུག་ས་གཤིས་རྟོག་དཔྱོད་གླིང་གིས་བསྒྲགས་པ་ལྟར་ན། ཉེ་བའི་ལོ་གཅིག་རིང་ལ་དོང་བརྐོ་བཟོ་སྐྲུན་སྤེལ་བ་བརྒྱུད་དེ། ས་གཤིས་འཚོལ་ཞིབ་མི་སྣས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་གཤོང་སའི་ས་འོག་གི་མུས་སྟོང་གཉིས་དང་ཉིས་བརྒྱ་སུམ་ཅུའི་མཚམས་ནས་དྲོད་གྲངས་བརྒྱ་དང་ང་གསུམ་ཅན་གྱི་སྐམ་ཚའི་བྲག་རྡོ་རྙེད་ཟེར། མཚམས་སྦྱོར་བྱས་པ་ལྟར་ན། དེ་ནི་རང་རྒྱལ་གྱིས་ཐོག་དང་པོར་རྙེད་པའི་གཞི་ཁྱོན་ཆེན་པོས་སྤྱད་ཆོག་པའི་སྐམ་ཚའི་བྲག་རྡོའི་ཐོན་ཁུངས་ཡིན་པ་དང་། རང་རྒྱལ་གྱིས་ནུས་ཁུངས་ཁྱབ་ཁོངས་དང་ས་འོག་ཚ་ནུས་འཚོལ་ཞིབ་ཐད་ནས་བླངས་པའི་བརྒལ་གཏོར་ཆེན་པོ་ཞིག་རེད།

རེབ་འདིར་མདོ་དབུས་མཐོ་སྒང་གི་ལྟེ་བ་གུང་ཧོ་གཤོང་སའི་དབུས་བྱང་ཕྱོགས་ནས་རྙེད་པའི་སྐམ་ཚའི་བྲག་རྡོའི་ཐོན་ཁུངས་དེར་དྲོད་གྲངས་ཆེ་ཞིང་། ཁྱབ་རྒྱ་ཆེ་བའི་ཁྱད་ཆོས་ལྡན་པས། རང་རྒྱལ་གྱི་སྐམ་ཚའི་བྲག་རྡོའི་འཚོལ་ཞིབ་ཀྱི་སྟོང་ཆ་བསྐངས། དེ་རང་རྒྱལ་ནས་སྐམ་ཚའི་བྲག་རྡོའི་ཐོན་ཁུངས་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། སྐོར་གསར་བའི་ནུས་ཁུངས་ཞིབ་འཇུག་བྱེད་པའི་ཐད་ལ་གྲུབ་འབྲས་བརྩོན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ས་ཁུལ་གྱི་ནུས་ཁུངས་གྲུབ་ཚུལ་བསྒྱུར་བ་དང་དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་རྒྱང་རིང་གི་དངོས་ཡོད་དོན་སྙིང་གལ་ཆེན་ལྡན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག