མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གིས་མུ་མཐུད་དུ་དམངས་འཚོར་འགན་སྲུང་བྱེད་པར་ཤུགས་བསྣན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-02 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་དམིགས་བསལ་དུ་བཟུང་སྟེ། མི་དམངས་མང་ཚོགས་ཀྱིས་ཆེས་ཐུགས་ཁུར་དང་ཆེས་དངོས་ཡོད། ཆེས་ཐད་ཀར་ཀྱི་ཁེ་ཕན་གནད་དོན་ལ་གཙིགས་སུ་བཟུང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་བདེ་སྐྱིད་སྟོན་གྲངས་མུ་མཐུད་དུ་ཇེ་མཐོར་བཏང་ལ། དམངས་འཚོའི་འགན་སྲུང་བྱེད་ཚད་ལ་ཤུགས་བསྣན། 2013ལོའི་རྫོང་ནོར་སྲིད་ཀྱིས་དམངས་འཚོ་ལེགས་བཅོས་ཐད་བཏང་བའི་འགྲོ་སོང་སྒོར་དུང་ཕྱུར3.55ལ་སླེབས་ཤིང་དུས་མཉམ་ལས14.8%འཕར་ཡོད།

2013ལོར་གཅིག་སྒྲིལ་རྫོང་གིས་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར0.45ལ་སླེབས་ཤིང་དེས་རྫོང་ཡོངས་ཀྱི་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི14.3%ཟིན་ཡོད་པ་དང་། སོ་སོར་སྤྱིའི་མ་དངུལ་སྒོར་ཁྲི3706.36བཏང་བའི་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་ལས་གཞི་དང་སློབ་གྲྭའི་བདེ་འཇགས་བཟོ་འགོད་ལག་བསྟར་བྱས། 2013ལོར་རྫོང་གཞུང་བཙུགས་སྨན་ཁང་གིས་མི་སྣའི་སྒྲིག་གཞི་གཏན་འབེབས་དང་ཚན་ཁག་འཛུགས་པ་སོགས་ཀྱི་བྱ་བ་ལེགས་འགྲུབ་བྱས་ལ། ཤང་ལྔ་དང་གྲོང་རྡལ་གཅིག་གི་འཕྲོད་བསྟེན་ཁང་དུ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱེད་ཚད100%དང་རྫོང་རིམ་པའི་སྨན་ཁང་དུ་ལག་བསྟར་བྱེད་ཚད95.6%ལ་སླེབས་ཤིང་། བདེ་ཐང་ཡིག་ཚགས་ཁྲི2.58བཟོས་པ་དང་ཡིག་ཚགས་བཟོ་ཚད97%ཡན་ལ་སླེབས་ཡོད། “ལམ་ལུགས་གསུམ”གྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི39.87དངོས་འབེབས་བྱས་པ་དང་། མ་དངུལ་སྒོར་ཁྲི840བཏང་ནས་མང་ཚོགས་རིག་གནས་ལུས་རྩལ་ཁང་འཛུགས་སྐྲུན་བྱེད་མགོ་བརྩམས་ལ། སྒྲིག་ཆས4022“ཁྱིམ་ཚང་རེར་འཐེན་པ”དང“སྡེ་བ་རེར་འཐེན་པའི”ལས་གཞི་ཕྱོགས་ཡོངས་ནས་བེད་སྤྱོད་བྱེད་མགོ་བརྩམས་ཤིང་། རྒྱང་སྒྲོག་བརྙན་འཕྲིན་དང་ལུས་རྩལ་རྩེད་ཆས་དགོན་སྡེར་བསྐྱོད་པའི་བྱ་འགུལ་གཏིང་ཟབ་སྤེལ་བ་དང་། རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཚད98ཡན་ལ་སླེབས། རིག་གནས་ཐོན་ལས་ཀྱི་ལོ་རེའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི104མངོན་འགྱུར་བྱས་ལ་དུས་མཉམ་ལས85.7%འཕར་ཡོད། གཅིག་སྒྲིལ་རྫོང་གིས་ནན་ཏན་སྒོས་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ཏེ་གཞི་རྩའི་ཉེན་སྲུང་རིགས་ལྔ་རྫོང་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས། རྫོང་ཡོངས་ཀྱི་གྲོང་རྡལ་གསར་བསྣན་ལས་ཞུགས་མི་གྲངས173དང་རྩོལ་ལས་སྤོ་བསྒྱུར་ལས་ཞུགས་བྱས་པ་མི་ཐེངས2200ལ་སླེབས་པ་དང་། གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་བྱུང་ཚད3.2%མན་དུ་ཚོད་འཛིན་བྱས་ཡོད། 2013ལོར་གཅིག་སྒྲིལ་རྫོང་གིས་མ་དངུལ་སྒོར་ཁྲི774བཏང་ནས་ས་ཁུལ་གཞན་དུ་གནས་སྤོར་དང་སྡེ་བ་ཧྲིལ་བོར་སྐུལ་འདེད་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི1230བཏང་ནས་སྔ་རྗེས་སུ་རྫོང་ཕན་བདེ་ལྟེ་གནས་གསར་འཛུགས་དང་དུར་ཁང་འཛུགས་སྐྲུན། ཁང་རྙིང་བསྒྱུར་བཅོས་ལས་གཞི་བཅས་ལག་བསྟར་བྱས། ལོ་ཧྲིལ་བོར་མི1445དབུལ་ཐར་བྱུང་བ་དང་། ཞིང་སྡེ་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི727དང་ལྔ་སྐྱོང་མ་དངུལ་སྒོར་ཁྲི98། སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི22བཅས་རྩིས་སྤྲོད་བྱས།

2014ལོར་གཅིག་སྒྲིལ་རྫོང་གིས་མུ་མཐུད་དུ་དམིགས་བསལ་གྱིས་དམངས་འཚོའི་བཟོ་འགོད་ལག་བསྟར་བྱས་ཏེ། མ་དངུལ་གཏོང་ཚད་ཇེ་མང་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བ། འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་ལ་གཞིགས་ཏེ། མང་ཚོགས་ཀྱི་རྩ་བའི་ཁེ་ཕཞན་དང་འབྲེལ་བའི་དོན་དངོས་དང་དོན་བཟང་ལེགས་པོར་སྒྲུབ་ནས་དམངས་འཚོའི་འགྲོ་གྲོན་གྱིས་སྤྱིའི་ནོར་སྲིད་ཀྱི68%ཡན་ཟིན་པ་བརྩོན་ལེན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་རེད།  །

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག