མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས“123”ཚན་རྩལ་བཟོ་སྐྲུན་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས“123”ཚན་རྩལ་བཟོ་སྐྲུན་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བྱ་བ་སྤྱི་བསྡོམས་བྱས་པ་དང་། “123”ཚན་རྩལ་བཟོ་སྐྲུན་གྱི་ད་ལོའི་བྱ་བ་སྣ་ཚོགས་ཀྱི་དམིགས་འབེན་དང་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གཉིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས“123”ཚན་རྩལ་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། “123”ཚན་རྩལ་བཟོ་སྐྲུན་ནི་ཚན་རྩལ་འདེགས་སྐྱོར་བྱེད་ཐབས་གལ་ཆེན་ཁྲོད་ཀྱི་གནད་འགག་གི་ལས་འགན་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བའི་བྱ་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་སྤྱིའི་རེ་བར་དམ་པོར་དམིགས་ནས། ཚན་རྩལ་འདེགས་སྐྱོར་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས། མཚོ་སྔོན་གྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་སྐྲུན་དང་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། ཚན་རྩལ་མཁྲེགས་གཏོར་དང་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། གནད་ས་འབུར་ཐོན་སྒོས་མཚོ་སྔོན་གྱི་ཐོན་ལས་ཐད་ལ་མཁོ་བའི་བརྒལ་གཏོར་གྱི་གནད་འགག་ལག་རྩལ་དང་ཁྱབ་ཁོངས་ལ་བཀག་འགོག་བྱེད་པའི་གནད་དོན་ལ་གཅིག་བསྡུས་ཀྱིས་ཞིབ་འཇུག་དང་དབྱེ་ཞིབ། ཐག་གཅོད་བཅས་བྱས་ཏེ། གནད་འགག་གི་ལག་རྩལ་ཐད་ཀྱི་བརྒལ་གཏོར་དང་ཐོན་ལས་ཅན་མངོན་འགྱུར་བྱེད་དགོས། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་གསར་སྐྲུན་ཐོན་པའི་རྨང་གཞི་རང་བཞིན་གྱི་ནུས་པ་དང་ཁེ་ལས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས། ནོར་ཁྲལ་དང་དངུལ་ལོར་སོགས་སྲིད་ཇུས་ཐོན་ཁུངས་ཀྱི་དག་ཐེར་ལེགས་སྒྲིག་ལ་ཤུགས་སྣོན་པ་དང་ཁེ་ལས་ལག་རྩལ་གསར་སྐྲུན་གྱི་དངུལ་གཏོང་ཁྲོད་ཞུགས་པར་སྣེ་ཁྲིད་གང་ལེགས་བྱས་ཏེ། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག སློབ་སྦྱོང་བཅས་ཟུང་སྦྲེལ་དམ་པོ་བྱེད་དགོས། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ལས་གཞིའི་རྗེས་སྙེག་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཕན་འབྲས་དཔྱད་ཞིབ་ནང་རྐྱེན་བཙུགས་ནས། ལས་གཞི་ལག་བསྟར་ལས་ཁུངས་ལ་ལྟ་ཞིབ་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག