མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་རྗེས་མཐུད་བྱ་བའི་དགུན་དཔྱིད་སྤྱི་སྡོམ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-01 11:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་རྗེས་མཐུད་བྱ་བའི་དགུན་དཔྱིད་སྤྱི་སྡོམ་ཚོགས་འདུ་ཚོགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། ཡུས་ཧྲུའུ་བསྐྱར་འཛུགས་རྗེས་མཐུད་བྱ་བ་སྤེལ་བའི་དུས་ཡུན་ཟླ་གསུམ་ལྷག་གི་རིང་། བྱ་བའི་ཚན་ཆུང་དང་ཡུས་ཧྲུའུ་ཡི་རིམ་པ་སོ་སོའི་སྲིད་གཞུང་། རོགས་འཛུགས་ས་ཁུལ་དང་ལས་ཁུངས་བཅས་ཀྱིས་མཐུན་སྒྲིལ་མཉམ་ལས་ཀྱིས་བསྐྱར་འཛུགས་རྗེས་མཐུད་བྱ་བའི་ལས་འགན་ཆེན་མོ་གསུམ་དང་། བྱ་བའི་གཙོ་གནད་བཅུ་ལ་གཞིགས་ཏེ། ཞིབ་ཕྲའི་འཆར་གཞི་བཟོ་བ་དང་གཙོ་གནད་ལས་འགན་གསལ་བོར་བཏོན་དེ་ཤུགས་ཆེན་པོས་དགུན་དཔྱིད་ཀྱི་ཉིན་བརྒྱའི་བརྟན་བརླིང་བྱ་བར་སྐུལ་འདེད་བཏང་ནས་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བའི་འགྲོ་ལུགས་འཐུས་ཚང་དང་དུས་སྐབས་དང་པོའི་བཤེར་རྩིས་དཔྱད་འཇོག་སོགས་ཀྱི་གཙོ་གནད་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱས་པ་དང་། བསྐྱར་འཛུགས་སྤྱི་སྤྱོད་སྒྲིག་ཆས་སོགས་དགུན་དཔྱིད་བྱ་བའི་འཁོར་སྐྱོད་བརྟན་བརླིང་དུ་བཏང་།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ཡུས་ཧྲུའུ་ཡི་ལས་སྐྲུན་དུས་སྐབས་སླེབས་པ་དང་། ཕྱོགས་སོ་སོས་ནན་ཏན་གྱིས་བསྐྱར་འཛུགས་རྗེས་མཐུད་བྱ་བའི་དམིགས་ཚད་ལས་འགན་ལ་གཞིགས་ཏེ། ད་ལོའི་བསྐྱར་འཛུགས་རྗེས་མཐུད་བྱ་བའི་ལས་འགན་གྱི་རྩ་འཛུགས་ལག་བསྟར་ལ་གཙིགས་འཛིན་གང་ལེགས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་གནད་དོན་ལ་ཞིབ་བཤེར་དང་བྱ་བའི་འཆར་གཞི་ཞིབ་ཕྲ་བཟོས་ཏེ། དུས་ལྟར་བདེ་འཇགས་ཞིབ་ཤེར་དང་བཟོ་འགོད་རྩད་གཅོད་སྤེལ་ནས་མགྱོགས་མྱུར་སྒོས་བསྐྱར་འཛུགས་རྗེས་མཐུད་བྱ་བའི་འབྲེལ་ཡོད་ཀྱི་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱེད་དགོས།

ཡུས་ཧྲུའུ་ཁུལ་སྲིད་གཞུང་དང་བྱ་བའི་ཚན་ཆུང་སོ་སོས་དགུན་དཔྱིད་དུས་སྐབས་ཀྱི་བྱ་བའི་གནས་ཚུལ་ཐད་སྤྱི་སྡོམ་གཏམ་བཤད་སྤེལ། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག