མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཚ་རྔ་འགག་མཛེས་ལྗོངས་ཁྱབ་སྤེལ་བགྲོ་གླེང་ཚོགས་འདུ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-04-01 11:44

0000.jpg

མཚོ་སྔོན་ཚ་རྔ་འགག་མཛེས་ལྗོངས་ཁྱབ་སྤེལ་བགྲོ་གླེང་ཚོགས་འདུ་སྤེལ་བ།

1111.JPG

ཚ་རྔ་འགག་མཛེས་ལྗོངས་ཀྱི་དབྱིབས་གཟུགས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་ཅུའུ་དང་མཚོ་སྔོན་དབྱི་ཡོན་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བའི་མཚོ་སྔོན་ཚ་རྔ་འགག་མཛེས་ལྗོངས་ཁྱབ་སྤེལ་བགྲོ་གླེང་ཚོགས་འདུ་དེ་ཚ་རྔ་འགག་གྲོང་རྡལ་ཅཱ་རི་གསོལ་མགྲོན་ཁང་དུ་སྤེལ།

    བགྲོ་གླེང་ཚོགས་འདུའི་ཉིན་སྔོན་མར། ད་དུང་ཆེད་དུ་ཚ་རྔ་འགག་གྲུ་ཐོག་གཟིགས་མོ་དང་། གྲུར་བསྡད་དེ་ཚ་རྔའི་མཚོ་ལ་གཟིགས་མོ། ཉ་གསོ་སྐྱོང་ཁུལ་དང་། སའི་དགའ་ཚལ་ལ་ལྟ་གཟིགས་སོགས་བྱ་འགུལ་དུ་མའང་སྤེལ།

    2012ལོའི་ཟླ8པར། པེ་ཅིན་དབྱི་ཡོན་ཀུང་ཟིས་མཚོ་ལྷོ་ཁུལ་སྲིད་གཞུང་དང་གསེར་ཆེན་རྫོང་སྲིད་གཞུང་ལ་ཚ་རྔ་འགག་མཛེས་ལྗོངས་སྔོག་འདོན་བྱེད་པའི་གན་རྒྱ་བཞག་པ་མ་ཟད། གནས་དེ་རུ་མཚོ་སྔོན་དབྱི་ཡོན་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟི་ཐོ་འགོད་བྱས་ཏེ་ལས་གཞི་འདིར་འགན་ཁུར། 2014ལོ་ནས་བཟུང་མཛེས་ལྗོངས་ལ་ཁག་སོ་སོ་བགོས་ཏེ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། འབད་བརྩོན་གྱིས2014ལོའི་ཟླ7པའི་ནང་ལས་གཉེར་ཚོད་ལྟ་བྱེད་རྒྱུ་རེད།

    མཛེས་ལྗོངས་འདི་འཆར་འགོད་ལྟར་ན་དུས་ཡུན་ལོ་བདུན་ནས་ལོ་བཅུའི་བར་སྔོག་འདོན་བྱ་རྒྱུ་ཡིན་ཞིང་། བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་དྲུག་ཡས་མས་བཏང་། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག