མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་བཟོ་སྐྲུན་ཆེན་པོ་དྲུག་ཧུར་ཐག་གིས་ལག་བསྟར་བྱས་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཛེས་སྡུག་ལྡན་པའི་ཞང་སྡེ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་གཏན་ལ་ཕབ་པས། ད་ལོ་ནས་བཟུང་། མཚོ་སྔོན་གྱིས་འབྲོག་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་རྒྱུ་དེ་ཚད་མཐའ་རུ་འཛིན་པ་དང་། མྱུར་དུ་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་ཞང་སྡེའི་ཁོར་ཡུག་ལེགས་སྒྱུར་བྱེད་རྒྱུ་དེ་གནད་ས་རུ་འཛིན་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གཞི་རྩའི་སྤྱི་བའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དེ་རྒྱབ་རྟེན་དུ་བརྩི་བ་བཅས་བྱས་ཏེ། བཟོ་སྐྲུན་ཆེན་པོ་དྲུག་ལག་བསྟར་བྱས་པ་བརྒྱུད། ས་ཞིང་ཡག་པ་དང་། སྡེ་བ་མཛེས་པ། འཚོ་བ་ལེགས་པའི་ཞང་སྡེ་སྐོར་ཞིག་འཛུགས་སྐྲུན་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྨད་ལ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་ཁྱོན་ཡོངས་ནས་གོང་འཕེལ་དུ་གཏོང་བར་སྣེ་ཁྲིད་བྱེད་དུ་འཇུག་རྒྱུ་རེད།

བཟོ་སྐྲུན་ཆེན་པོ་དྲུག་ནི། གཅིག འཆར་གཞི་སྒྲིག་བཟོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ། གཉིས། སྡེ་བའི་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་པ། གསུམ། ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྱུར་བཟོ་སྐྲུན་ལག་བསྟར་བྱེད་པ། བཞི། ས་ཞིང་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱེད་པ། ལྔ། ཞིང་དར་དམངས་ཕྱུག་བཟོ་སྐྲུན་ལག་བསྟར་བྱེད་པ། དྲུག དོ་དམ་གསར་སྐྲུན་གྱི་བཟོ་སྐྲུན་ལག་བསྟར་བྱེད་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག