མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གིས་དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་བརྟན་བརླིང་ངང་སྤེལ་ནས། ཏང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཧུར་ཐག་གིས་འབྲོག་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་བློ་འདོན་ཇུས་འབུལ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་པ་བཅས་བྱས་ནས། བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱས།

རྫོང་ཡོངས་ཀྱི་བྱ་བའི་ཚན་ཆུང་དྲུག་རྫོང་ཡོངས་ཀྱི་སྡེ་བ་ཉེར་གཉིས་ལ་སོང་ནས། གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱེད་པ་དང་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པ། ལོགས་སུ་བགར་ནས་གླེང་མོལ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས། ས་གནས་རང་གི་དོན་དངོས་དང་ད་ལྟའི་བྱ་བ་སྣ་ཚོགས་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཡིག་ཆ་དང་པོའི་དགོངས་དོན་སོགས་ནང་དོན་དང་། འབྲོག་པ་མང་ཚོགས་ལ་རོགས་བྱས་ཏེ་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་བྱ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་པའི་བྱ་བ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ། གཏན་འཇགས་སྲུང་སྐྱོབ་བྱ་བ། ད་དུང་མང་ཚོགས་ཀྱིས་ཆེས་དོ་སྣང་བྱེད་པའི་རྒན་གསོ་དང་སྨན་བཅོས། སློབ་གསོ་སོགས་ཐད་ཀྱི་སྲིད་ཇུས་བཅས་དང་ཟུང་འབྲེལ་བྱས་ནས་དྲིལ་སྒྲོག་བྱས་པ་མ་ཟད། མང་ཚོགས་ཀྱིས་བཏོན་པའི་དྲི་བར་ལན་གསལ་བོ་བཏབ་སྟེ། འབྲོག་པ་མང་ཚོགས་ཀྱི་དམངས་ཕན་སྲིད་ཇུས་ཐད་ཀྱི་རྒྱུས་ལོན་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག