མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་དེ་ཞིང་ཆེན་ཡོངས་ཀྱི་རང་སྐྱོང་ཁུལ6གི་རྫོང་དང་གྲོང་ཁྱེར41ལ་ཁྱབ་པ་མངོན་འགྱུར་བྱས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-30 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་རྒུད་སྐྱོབ་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཤུགས་ཆེན་པོས་གནོད་འགོག་རྒུད་སྐྱོབ་གྱི་ནུས་པ་ཇེ་མཐོར་བཏང་སྟེ། རིམ་བཞིན་ལམ་ལུགས་ཅུང་ཆ་ཚང་ཞིང་འཁོར་སྐྱོད་ལམ་ལུགས་འཐུས་ཚང་ཡིན་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་གནོད་འགོག་རྒུད་སྐྱོབ་མ་ལག་ཅིག་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་རང་སྐྱོང་ཁུལ6གི་རྫོང་དང་གྲོང་ཁྱེར41ལ་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་ཁྱབ་པ་མངོན་འགྱུར་བྱས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཤུགས་ཆེན་པོས་རྒུད་སྐྱོབ་དངོས་ཟོག་གསོག་ཉར་གྱི་དྲ་བ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། 2009ལོའི་ཚུན་ནས་བཟུང་། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར2.5བཏང་ནས་ཞིང་ཆེན་ཡོངས་སུ་ཁུལ་དང་རྫོང་། ཤང་རིམ་པ་བཅས་ཀྱི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང71འཛུགས་སྐྲུན་བྱས་ལ། སྤྱིའི་བཟོ་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི7ལྷག་ལ་སླེབས་ཤིང་། རས་གུར་དང་མལ་ཆས་སོགས་འཚོ་བའི་བཀོལ་རྫས་རིགས18ཀྱི་རིན་གོང་སྒོར་དུང་ཕྱུར1.68ཀྱི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་བྱས་ཡོད། དེའི་ནང་མ་དངུལ་སྒོར་ཁྲི4423བཏང་བའི་ཀྲུང་དབྱང་རིམ་པའི་ན་གོར་མོའི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་དེ2013ལོར་ལེགས་འགྲུབ་བྱས་ཏེ་བེད་སྤྱོད་བྱེད་མགོ་བརྩམས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག