མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཐིན་གཉིས་ཀྱིས་དམངས་གཙོ་ལ་གྲོས་མོལ་བྱེད་པར་ཤུགས་སྣོན་པ་དང་ཁྲིམས་འཛུགས་གྲོས་མོལ་བྱ་བའི་སྒྲིག་སྲོལ་འཛུགས་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་ཅི་རིན་ཧྥུན། ཞིང་ཆེན་དམག་ཁུལ། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་བཅས་ཀྱི་འགན་ཁུར་མི་སྣ་དང་ཞིང་ཆེན་སྲིད་གྲོས་ཁྲིམས་འཛུགས་གྲོས་མོལ་ཆེད་མཁས་པའི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གཞུང་གུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གི་ཁྲིམས་འཛུགས་གྲོས་མོལ་གཏིང་ཟབ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར་དང་ཁྲིམས་འཛུགས་གྲོས་མོལ་སྤེལ་བ་དང་དམངས་གཙོའི་སྒོ་ནས་ཁྲིམས་འཛིན་ལྟ་སྐུལ་ཁྲོད་ཞུགས་པའི་སྐོར་གྱི་བརྗེད་ཐོ་སྒྲོག་འདོན་བྱས། ཚོགས་ཞུགས་མགོ་ཁྲིད་ཀྱིས་གདན་ཞུ་བྱས་པའི་ཁྲིམས་འཛིན་གྲོས་མོལ་ཆེད་མཁས་པར་གདན་ཞུ་ཡི་གེ་ཕྱིན།

རིན་ཆེན་རྒྱལ་གྱིས་ཁྲིམས་འཛུགས་གྲོས་མོལ་སྒྲིག་སྲོལ་འཛུགས་པ་དང་། ཁྲིམས་འཛུགས་གྲོས་མོལ་གཏིང་ཟབ་སྤེལ་བ་ནི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་དང་། སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པ་དང་དམངས་གཙོའི་གྲོས་མོལ་གྱི་ནུས་པ་འདོན་སྤེལ་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པས། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་ ཁྲིམས་འཛུགས་གྲོས་མོལ་གྱི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་རྒྱུས་ལོན་གང་ལེགས་བྱས་ཏེ། བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འགན་སྒྲུབ་ཆུ་ཚད་མཐོར་འདེགས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་འཛུགས་སྐྲུན་སྤེལ་བའི་ཁྲོད་ནུས་པ་གལ་ཆེན་འདོན་དགོས་ཞེས་ནན་གྱིས་བསྟན།

ཅི་རིན་ཧྥུན་གྱིས་སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པས་ཁྲིམས་འཛུགས་གོ་རིམ་ཁྲོད་དུ་སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། ཁྲིམས་འཛུགས་གྲོས་མོལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པ་དང་ཚན་རིག་ལྟར་ཁྲིམས་འཛུགས་པའི་ཐད་ནད་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག