མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲོད་གྲོས་ཀྱིས་མཚོ་བྱང་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱི་སྨན་བཅོས་བཅོས་བསྒྱུར་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཟླ་དཀྱིལ་དུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་འདོན་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། སྲིད་གྲོས་ཨུ་ཡོན་བཅས་ཀྱི་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཁྲིད་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་བསྒྱུར་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ། གཞི་རིམ་སྨན་བཅོས་ཞབས་ཞུ་མ་ལག་དང་ནུས་པ། སྨན་བཅོས་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་སོགས་ཀྱི་ནང་དོན་ཐད་ནས། གྲོང་ཁྱེར་གཉིས་ཀྱི་སྲིད་གཞུང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་བསྒྱུར་གནས་ཚུལ་གྱི་མཚམས་སྦྱོར་ལ་ཉན་པ་དང་། གྲོང་ཁྱེར་གཉིས་ཀྱི་མི་དམངས་སྨན་ཁང་་དང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་གཉིས་སུ་རྟོག་ཞིབ་བྱེད་པར་སོང་ནས། སྨན་བཅོས་མི་སྣ་དང་ཞིང་བ། སྡོད་དམངས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ་གྲོས་མོལ་ཚོགས་འདུ་བསྡུས། དེ་མ་ཟད་ད་དུང་སྟོང་སྐོར་རྫོང་དང་མིན་ཧི་རྫོང་གཉིས་སུ་སོང་ནས། རྫོང་རིམ་པ་དང་ཞང་དང་གྲོང་བརྡལ། སྡོད་ཁུལ། སྡེ་བ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་རྟོག་ཞིབ་བྱས།

ཁྲིན་ཙི་ཆོན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་བཅོས་བསྒྱུར་བྱ་བ་སྤེལ་བའི་ལོ་ལྔའི་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བ་དེ་དམངས་འཚོའི་བཟོ་སྐྲུན་དུ་བརྩིས་ནས། ཞིབ་འཇུག་གཏིང་ཟབ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག བརྟན་བརླིང་ངང་སྤེལ་བས། གྲུབ་འབྲས་མངོན་གསལ་བླངས་ཡོད་ན་ཡང་། དེར་བསྟུན་གྱི་མི་འདང་ས་ཡང་མང་པོ་ཡོད་པས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མུ་མཐུད་དུ་ཞིབ་འཇུག་བྱས་ཏེ་རིམ་བཞིན་ཇེ་ལེགས་སུ་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག