མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་མཁར་ལ་སྔོན་གཤེགས་དཔའ་བོའི་མཚན་སྙན་གནང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-29 11:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་གི་བོད་རིགས་ན་གཞོན་རྡོ་རྗེ་མཁར་གྱིས་ཧུའུ་པེ་ཞིང་ཆེན་ནས་ཆུར་ལྷུང་བའི་བུ་མོའི་སྲོག་བསྐྱབས་རྗེས། གསར་འགོད་པ་ཡུལ་དངོས་སུ་ཕྱིན་ནས་དྲིལ་བསྒྲགས་བྱས་ཤིང་། དེར་སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཆེན་པོ་ཐོབ་ཡོད། ཟླ3པའི་ཚེས28ཉིན། གུང་ཧི་རྫོང་གིས་བློ་མཐུན་རྡོ་རྗེ་མཁར་ལ་སྔོན་གཤེགས་དཔའ་བོའི་མཚན་སྙན་གནང་བའི་མཛད་སྒོ་བསྡུས་པ་དང་། བློ་མཐུན་རྡོ་རྗེ་མཁར་ལ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྔོན་གཤེགས་དཔའ་བོའི་མཚན་སྙན་གནང་བ་མ་ཟད། ཐེངས་གཅིག་རང་བཞིན་གྱི་གཟིགས་སྐྱོང་མ་དངུལ་སྒོར་ཁྲི120ལྷག་བྱིན།

2013ལོའི་ཟླ9བའི་ཚེས15ཉིན། ཧན་ཅང་རྡོ་སྣུམ་མཐོ་རིམ་ལག་རྩལ་སློབ་གྲྭའི་ལོ17ཡིན་པའི་སློབ་མ་རྡོ་རྗེ་མཁར་གྱིས་ཧུའུ་པེ་ཞིང་ཆེན་ནས་ཆུར་ལྷུང་བའི་རྒྱ་རིགས་བུ་མོའི་སྲོག་སྐྱོབ་ཆེད་རང་སྲོག་བློས་བཏང་བ་དང་། ཁོས་ན་གཞོན་གྱི་ཚེ་སྲོག་བློས་བཏང་ནས་ས་གནས་དེ་གར་མཐོ་སྒང་བུ་བུ་མོའི་མི་རིགས་མཐུན་སྒྲིལ་དང་རང་དོར་གཞན་སྐྱོབ་ཀྱི་གཏམ་རྒྱུད་བྲིས། ཁོའི་བྱས་རྗེས་དེ་གསར་འགོད་པས་མཚོ་སྔོན་ནས་ཐོག་མར་དྲིལ་བསྒྲགས་བྱས་རྗེས་སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཆེན་པོ་བྱས། ཉེ་ལམ་རྡོ་རྗེ་མཁར་ལ“མཚོ་སྔོན་གྱི་ཆེས་མཛེས་པའི་མི”ཡི་མཚན་སྙན་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག