མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ལས་འཁྱུར་ངལ་གསོའི་རྒན་གསོ་གྲོན་དངུལ་དེ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-29 11:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་བྱེ་བྲག་གི་བཀོད་སྒྲིག་བྱས་པར་གཞིགས་ན། 2014ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་ཁེ་ལས་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་གྲོན་དངུལ་གྱི་ཆུ་ཚད་ཇེ་མཐོར་བཏང་བ་དང་། རྒན་གསོའི་གྲོན་དངུལ་དེ་ཟླ་རེར་མི་རེར་སྒོར236ཇེ་མང་ལ་བཏང་ཞིང་འཕར་ཚད10.01%ལ་སླེབས་པ་དང་། ཟླ་རེར་མི་རེའི་རྒན་གསོའི་གྲོན་དངུལ་སྒོར2593ལ་སླེབས་ཡོད། ཞིང་ཆེན་ནོར་སྲིད་ཀྱིས་དུས་ཚིགས་དང་པོར་རྒན་གསོ་གྲོན་དངུལ་ཇེ་མཐོར་བཏང་བའི་མ་དངུལ་སྒོར་དུང་ཕྱུར1.9སྤྱི་ཚོགས་འགན་སྲུང་འགན་སྒྲུབ་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྒན་གསོ་གྲོན་དངུལ་ཇེ་མཐོར་བཏང་བ་དེ་ནི2005ལོའི་ཚུན་ནས་བཟུང་མཚོ་སྔོན་གྱིས་བསྟུད་མར་ཐེངས10བར་ཁེ་ལས་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་གྲོན་དངུལ་ཆུ་ཚད་ཇེ་མཐོར་བཏང་བ་ཡིན་ལ། ཇེ་མཐོར་བཏང་རྗེས། མཚོ་སྔོན་གྱི་ཁེ་ལས་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་གྲོན་དངུལ་ཆུ་ཚད་དེ་བསྟུད་མར་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད།

ཁེ་ལས་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་གྲོན་དངུལ་ཆུ་ཚད་ཇེ་མཐོར་བཏང་བ་དེས་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་འཁྱུར་ངལ་གསོ་མི་སྣར་བྱམས་བརྩེའི་ཐུགས་ཁུར་གནང་ཡོད་པ་མཚོན་ལ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལས་འཁྱུར་ངལ་གསོ་མི་ཁྲི27.52ལ་ཕན་ཁེ་བསྐྲུན་ཡོད། རྒན་གསོ་གྲོན་དངུལ་དུས་ལྟར་འདང་ངེས་ཀྱིས་རྩིས་སྤྲོད་བྱེད་པར་ཁག་ཐེག་བྱེད་ཆེད། ཉེ་ལམ། ཞིང་ཆེན་ནོར་སྲིད་ཀྱིས་དུས་ཚིགས་དང་པོར་རྒན་གསོ་གྲོན་དངུལ་ཇེ་མཐོར་བཏང་བའི་མ་དངུལ་སྒོར་དུང་ཕྱུར1.9སྤྱི་ཚོགས་འགན་སྲུང་འགན་སྒྲུབ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ། སྤྱི་ཚོགས་འགན་སྲུང་འགན་སྒྲུབ་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་སྟེར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག