མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་དབྱི་སི་ལན་ཟས་རིགས་འགྲེམ་སྟོན་གྱི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚེས27ཉིན2014ལོའི་ཀྲུང་གོ་རྒྱལ་སྤྱིའི་དབྱི་སི་ལན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་གྲོས་ཚོགས་ཟི་ལིང་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། འགྲེམ་སྟོན་ཚོགས་འདུའི་སྐབས་སུ་བདེན་འཚོལ་དངོས་གཉེར་དང་བཅོས་བསྒྱུར་གསར་སྤེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། གྲོན་ཆུང་དང་ཕན་པ་ཆེ་བ་རྒྱུན་འཁྱོངས་བཅས་བྱས་ནས། 2014ལོའི་ཀྲུང་གོ་རྒྱལ་སྤྱིའི་དབྱི་སི་ལན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག