མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སློབ་མ105སློབ་གྲྭར་ལོག་པར་ལྷག་བསམ་ཟོལ་མེད་ཀྱིས་བསུ་སྐྱེལ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-28 10:20

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་མ་རྣམས་དུས་ལྟར་སློབ་གྲྭར་འགྲིམ་པ་དང་བདེ་བླག་ངང་སློབ་གྲྭར་ལོག་པའི་ཆེད་དུ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཀ་གཞུང་ཤང་གི་ལས་བྱེད་པ23གྱིས་མཚོ་ངོས་ལས་མཐོ་ཚད་མུས5400ཡོད་པའི་གངས་རི་སྟེང་ནས་སློབ་གྲྭར་འགྲོ་བའི་བྱིས་པ་རྣམས་བསུ་སྐྱེལ་བྱས་པ་དེ་རོང་འབྲོག་པའི་མང་ཚོགས་ཀྱི་སེམས་གཏིང་དུ་སིམ་ཡོད།

གངས་རིའི་སྟེང་སློབ་མ་རྣམས་བསུ་སྐྱེལ་བྱེད་བཞིན་པ།

    ཀ་གཞུང་ཤང་ནི་ནང་ཆེན་རྫོང་གི་ནུབ་ལྷོའི་སྤྱི་ལེ163མཚམས་སུ་ཆགས་ཡོད་པ་དང་། ཁོངས་གཏོགས་སུ་ཚྭ་ཐང་དང་སེ་ཆེན། དམེ་མདོ། དམེ་སྨད་བཅས་སྡེ་བ4ཡོད། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་མུས4200ཡོད་པའི་ཕྱུགས་ལས་རྐྱང་བ་གཉེར་བའི་ཤང་ཞིག་ཡིན། ཀ་གཞུང་ཤང་གི་བཅའ་སྡོད་ལམ་ལུགས་སློབ་གྲྭ་ལ་དགེ་རྒན་ལས་བཟོ་བ23དང་སློབ་མ307ཡོད། ཟླ3པའི་ཚེས10ཉིན་ནི་ནང་ཆེན་རྫོང་ཀ་གཞུང་ཤང་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མགོ་རྩོམ་པའི་ཉིན་མོ་ཡིན་ཞིང་། སློབ་གྲྭའི་སློབ་མ307གྱི་ནང་ཉིན་དེར་སློབ་མ202ལས་སློབ་གྲྭར་འབྱོར་མེད་པ་དང་། དམེ་སྨད་དང་དམེ་མདོ། སེ་ཆེན་བཅས་སྡེ་བ3གྱི་སློབ་མ105འགག་ལ་རི་བོར(མཚོ་ངོས་ལས་མཐོ་ཚད་མུས5400ཡོད)ཁ་བ་བབས་པས་རྐྱེན་གྱིས་དུས་ལྟར་སློབ་གྲྭར་ལོག་ཐུབ་མེད། ཀ་གཞུང་ཤང་ཏང་ཨུ་དང་སྲིད་གཞུང་གིས་གནས་ཚུལ་དེ་ཤེས་རྗེས། ཤང་དང་སྡེ་བའི་ལས་བྱེད་པ། ཤང་གི་ཞིང་ཆེན་གྱི་བཅའ་སྡོད་ལས་བྱེད་པ། སློབ་གྲྭའི་དགེ་རྒན་སོགས་མི23རྩ་འཛུགས་བྱས་ཏེ་ཀ་གཞུང་ཤང་གི་སློབ་མ་བསུ་སྐྱེལ་བྱེད་པའི་བྱ་བའི་ཚན་ཆུང་བཙུགས་པ་དང་། ཟླ3པའི་ཚེས13ཉིན་འགག་ལ་རི་རྩེ་ནས་སློབ་མ105སློབ་གྲྭར་ལོག་པར་བསུ་སྐྱེལ་བྱེད་རྒྱུའི་ཐག་བཅད།

སློབ་མ་རྣམ་ས་འགག་ལ་གངས་རིའི་སྟེང་འགྲོ་བཞིན་པ།

    ཟླ3པའི་ཚེས13ཉིན་གྱི་དུས་ཚོད8དང་སྐར་མ30སྟེང་། ཀ་གཞུང་ཤང་གི་སློབ་མ་བསུ་སྐྱེལ་བྱ་བ་དེ་ཤང་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་འཇམ་དབྱངས་དང་ཤང་ཀྲང་སྤེན་པ་ཚེ་རིང་གཉིས་ཀྱི་སྣེ་ཁྲིད་འོག ཁྱིམ་བདག་གིས་འགག་ལ་རི་རྩེར་སྐྱེལ་ཡོང་བའི་སློབ་མ105ལ་བསུ་མ་བྱས། ཁ་བ་བབས་པ་མཐུག་པས་བསུ་མ་བྱེད་པའི་རླངས་འཁོར་དེ་འགག་ལ་རི་འདབས་ལས་འགྲོ་ཐབས་མེད་པར་བརྟེན། བྱ་བའི་ཚན་ཆུང་གི་ཁོངས་མི་དག་རྐང་ཐང་ལ་རི་རྩེར་འགོས་ནས་སློབ་མ105དང་ཁོ་ཚོའི་རྡོག་ཕྲེས་རྣམས་རི་འདབས་སུ་བསུས་རྗེས། རླངས་འཁོར་ལ་བསྡད་དེ་སློབ་གྲྭར་ལོག ཕྱི་དྲོའི་དུས་ཚོད2སྐབས་སུ་བྱ་བའི་ཚན་ཆུང་གིས་སློབ་མ105བདེ་འཇགས་ངང་སློབ་གྲྭར་བསུས་པ་མ་ཟད་ཁྱིམ་བདག་རེར་ཁ་པར་བཏང་ནས་བདེ་འཇགས་ངང་སློབ་གྲྭར་ལོག་ཟིན་པའི་བརྡ་སྤྲད།

    དྲག་རླུང་དང་ཁངས་ཆར་ལ་བརྩེ་བ་མེད་ཀྱང་བྱ་བའི་ཚན་ཆུང་གི་ལྷག་བསམ་གྱིས་སློབ་མ་དང་ཁྱིམ་བདག་གི་སེམས་ལ་དྲོད་འཁོལ་སྦྱིན་ལ། ཁྱིམ་བདག་མང་པོར་སེམས་འགུལ་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར་བས། བརྩེ་བ་དང་ལྷག་བསམ་གྱིས་བསྒྲིགས་པའི་གཏམ་རྒྱུད་རིང་མོ་ཞིག་རོང་འབྲོག་མང་ཚོགས་ཀྱི་སེམས་སུ་ཟུག  །

སློབ་མ་རྣམས་བསུ་སྐྱེལ་བྱེད་པའི་རུ་ཁག་སེམས་ཆུང་ངང་སློབ་གྲྭར་ལོག་བཞིན་པ།

རི་ལམ་སྟེང་གི་ཁ་བ་སེལ་ཞོར་དུ་སློབ་གྲྭར་ལོག་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག