མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧུའེ་ཉིན་གྱིས་ཐུན་རིན་རྫོང་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་གནང་སྐབས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་གཏོང་དགོས་པར་ནན་གྱིས་བསྟན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-28 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་སྐོར་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་བྱེད་སྐབས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ལན་ཁའོ་རྫོང་ནས་སློབ་གསོའི་ལག་ལེན་བྱ་འགུལ་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་དང་མང་ཚོགས་ཀྱི་འདོད་ཚུལ་གཏན་འཁེལ་དང་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་སྟེ། གནད་དོན་ཁ་ཕྱོགས་དང་ལག་ལེན་ཚད་གཞིའི་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་བྱེད་ཞོར་དུ་ལག་ལེན་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་དུ་བཅོས་བསྒྱུར་བྱས་ནས་བྱ་འགུལ་ལ་གྲུབ་འབྲས་ལེགས་པོ་ལེན་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལ་གཞིགས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་ཁྲོད་རྫོང་རེར་འབྲེལ་གཏུག་བྱས་ཤིང་། ལའོ་ཧུའེ་ཉིན་གྱིས་ཐུན་རིན་རྫོང་ལ་འབྲེལ་གཏུག་བྱས་ཡོད། ཚེས26ཉིན་གྱི་སྔ་དྲོར། ལའོ་ཧུའེ་ཉིན་རོང་བོ་གྲོང་རྡལ་རྒྱ་ཚང་མ་སྡེ་བར་སོང་ནས་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་བྱས་ཤིང་། ལས་བྱེད་པའི་བྱ་སྤྱོད་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་སོགས་ཀྱི་ཐད་ནས་ཚང་མའི་བསམ་འཆར་ལ་ཉན།

དེའི་རྗེས་སུ་ལའོ་ཧུའེ་ཉིན་ཐུན་རིན་རྫོང་རྫོང་ཏང་ཨུའི་རྒྱུན་ཨུ་ལྷན་ཚོགས་ལ་ཞུགས་ནས་ཐུན་རིན་རྫོང་གི་སློབ་གསོའི་ལག་ལེན་བྱ་འགུལ་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་དང་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་གཉིས་གཙོར་བཟུང་སྟེ་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་ནན་གྱིས་བསྟན་པ་མ་ཟད། རིམ་པ་དང་པོའི་བྱ་བ་ལེགས་པོར་སྒྲུབ་དགོས་པའི་ཐད་ལ་རེ་བ་བཏོན།

ལའོ་ཧུའེ་ཉིན་གྱིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གསུང་བཤད་གལ་ཆེན་སྐོར་གྱི་དགོངས་དོན་ལག་ལེན་བྱས་ཏེ། རིག་གཞུང་གིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། སྔོན་ཐོན་མི་སྣ་མིག་དཔེར་བཟུང་སྟེ་མུ་མཐུད་དུ་མང་ཚོགས་ཀྱི་འདུ་ཤེས་ཇེ་མཐོར་བཏང་ནས་ཅུང་མཐོ་བའི་བྱ་བའི་ཚད་གཞི་གཏན་འཁེལ་བྱེད་དགོས། ཁོས་བསྟན་དོན། ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཏང་ཡོངས་ལ་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། ཅའོ་ཡུས་ལུའུ་ནི་རྫོང་ཏང་ཨུའི་ཧྲུའུ་ཅི་ཡི་མིག་དཔེ་ཡིན་ལ། ཏང་ཡོངས་ཀྱི་མིག་དཔེའང་ཡིན། ང་ཚོས་ཁོའི་གཞུང་ཞབས་པའི་བརྩེ་སེམས་དང་བདེན་འཚོལ་གྱི་བྱ་སྤྱོད། ཧུར་བརྩོན་གྱི་སྙིང་སྟོབས། བབ་ཆགས་པའི་ཀུན་སྤྱོད་ལ་སློབ་སྦྱོང་བྱེད་དགོས། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་མིག་དཔེར་བཟུང་སྟེ་རང་ཉིད་ཀྱི་བསམ་བློ་ཆུ་ཚད་དང་མང་ཚོགས་འདུ་ཤེས། བྱ་སྤྱོད་སྣང་བརྙན་སོགས་ཐད་གནས་པའི་གནད་དོན་དང་མི་འདང་སར་བརྟག་ཞིབ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་དང་སྤོབས་པ་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲིའི་འདུ་ཤེས་ལ་ཤུགས་བསྣན་ཏེ། ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་ནས་ཅའོ་ཡུས་ལུའུ་ལྟ་བུའི་ཏང་ཡོན་བཟང་པོ་དང་ལས་བྱེད་པ་ལེགས་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།

ལའོ་ཧུའེ་ཉིན་གྱིས་བསྟན་དོན། ལྷག་བསམ་རྣམ་དག་གིས་བསམ་འཆར་ལ་ཉན་ནས་ཞིབ་བཤེར་བྱེད་ཞོར་དུ་བཅོས་བསྒྱུར་བྱེད་པ་དང་གཞི་རིམ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལྷག་བསམ་རྣམ་དག་གིས་བརྟག་བཤེར་བྱས་ན་ད་གཟོད་གནད་དོན་གཏིང་ཟབ་ཏུ་རྩད་གཅོད་བྱེད་ཐུབ། ཚད་གཞི་མཐོ་བའི་བླང་བྱ་རྒྱུན་བསྐྱངས་ཏེ་བསམ་འཆར་བསྡུ་ལེན་གྱི་ཐབས་ལམ་རྒྱ་བསྐྱེད་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མགོ་ཁྲིད་ཚོགས་པ་དང་མི་སྒེར་གྱི་བྱ་སྤྱོད་བཞིའི་ཐད་ཀྱི་འབུར་ཐོན་གནད་དོན་རྩད་ཞིབ་ཡང་དག་བྱེད་དགོས། རྫོང་དང་ཤང་འབྲེལ་མཐུད་བྱེད་པ་ནི་མཚོ་སྔོན་གྱི་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཁྱད་ཆོས་ཡིན། ཤང་གྲོང་ལས་བྱེད་པའི་བྱ་བ་ནི་གཞི་རིམ་དུ་ཡོད་པས་ཐད་ཀར་དུ་མང་ཚོགས་ལ་ཁ་གཏད་ཡོད། དམངས་ཕྱུག་འཆམ་འཐུན་ལ་གཞིགས་ཏེ་ཤུགས་ཆེན་པོས་ཞབས་ཞུ་རང་བཞིན་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་དགོས། བཅོས་བསྒྱུར་གྱི་སྙིང་སྟོབས་དང་གོང་འོག་གཅིག་སྦྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཐག་བཅད་དེ་ལས་བྱེད་མང་ཚོགས་ལ་དངོས་ཡོད་ཕན་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས།  །

   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག