མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་མགོ་བརྩམས་པའི་ཚུན་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཡོན་ལས་བྱེད་པའི་བསམ་བློའི་ངོས་འཛིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཀུན་སྤྱོད་སྔར་ལས་ལེགས་བསྒྱུར་བྱེད་པ། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ་དང་། དམངས་དོན་སྒྲུབ་པ་དང་སྤྱོད་གཙང་གི་སྣང་བརྙན་སྔར་ལས་ཆགས་པར་བྱེད་པ། གཞི་རིམ་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་དམིགས་འབེན་དང་རེ་བར་དམ་པོར་དམིགས་ནས། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་བཀོད་སྒྲིག་ཞིབ་མོ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། གྲ་སྒྲིག་བཟང་བོ་བྱས་པའི་རྨང་གཞིའི་སྟེང་། དོན་དངོས་ལ་རྐང་བཙུགས་ཏེ། ཁྱད་ཆོས་ལྡན་པ་དང་དམིགས་སའི་རང་བཞིན་ལྡན་པ། སྤྱོད་གོ་ཆོད་པ་བཅས་ཀྱི་བྱ་འགུལ་ཇུས་གཞི་བཀོད་པ་དང་། བྱ་འགུལ་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། སློབ་གསོ་ལག་ལེན་བྱས་འགུལ་ནན་ཏན་སྒོས་སྤེལ།

ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་དུས་ཐོག་ཏུ་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་པ་དང་། ཏང་གི་ཤེས་བྱ་ཁྲིད་པ། བརྗེ་རེས་གཏམ་བཤད་སྤེལ་བ། སྙན་ཞུའི་ཚོགས་འདུ་བསྡུ་བ། ཆེད་མཁས་པ་གདན་དྲངས་ཏེ་ཟུར་ཁྲིད་བྱེད་པ་བཅས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་སློབ་སྦྱོང་དང་སློབ་གསོ་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས། ཟི་ལིང་གྲོང་ཁྱེར་ཏང་ཨུས་གཞི་རིམ་གྱི་ཕུལ་བྱུང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སྔོན་ཐོན་དཔེ་ལེགས་མི་སྣ་གདན་དྲངས་ཏེ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རིམ་པ་སོ་སོའི་མགོ་ཁྲིད་པར་མང་ཚོགས་བྱ་བ་བསྒྲུབས་པའི་ཉམས་མྱོང་ཁྲིད། མགོ་ལོག་ཁུལ་གྱིས་ཕུགས་བསམ་དང་ཡིད་ཆེས་དང་། ཏང་ལུགས་རྒྱལ་ཁྲིམས། བོད་ཁུལ་གྱི་བརྟན་འཇགས། གསར་བརྗེའི་གོམས་སྲོལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སོགས་ཆེད་དོན་སློབ་གསོའི་ནང་དོན་ལ་དམིགས་ཏེ། སློབ་སྦྱོང་གི་དམིགས་སའི་རང་བཞིན་ཇེ་ཆེར་བཏང་། མཚོ་བྱང་ཁུལ་གྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་རྡུལ་ཕྲན་མཁར་གྲོང་ལ་ལྟ་སྐོར་བྱས་ཏེ། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་ལ་བསྐྱར་སྦྱོང་བྱས། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་རྩ་འཛུགས་བྱས་ནས་ན་གོར་མོ་ནས་གཅིག་ཏུ་བསྡུས་ཏེ་སློབ་སྦྱོང་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག