མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ས་ཆ་སོ་སོའི་སློབ་གྲྭ་ནས་རྡོ་རྗེ་མཁར་གྱི་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་དང་སྔོན་ཐོན་བྱས་རྗེས་དར་སྤེལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སློབ་གྲོགས་རྡོ་རྗེ་མཁར་གྱི་བྱས་རྗེས་སྙན་ཞུ་ཚོགས་པ་བཙུགས་ནས། སྔ་གཞུག་ཏུ་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་སྦྱོང་ལས་རིགས་སློབ་གྲྭ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ་སློབ་གསོ་མ་ལག་བཅས་སུ་སོང་ནས་སྙན་ཞུ་ཐེངས་བརྒྱད་ལ་སྤེལ་བ་དང་། དགེ་སློབ་སྟོང་གསུམ་ལྷག་གིས་ཡུལ་དངོས་ནས་སྙན་ཞུ་ལ་ཉན། སྙན་ཞུ་ཡིས་ཉན་མཁན་རེ་རེར་སེམས་འགུལ་ཐེབས་སུ་བཅུག་པ་མ་ཟད། སྙན་ཞུ་ཚོགས་འདུ་རེ་རེ་ནི་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རེས། འཆམ་མཐུན་བཅས་ཀྱི་ནང་དོན་བརྒྱུད་སྒྲོག་བྱེད་ཐེངས་ཤིག་རེད་ཅེས་བཤད་ཆོག

རྡོ་རྗེ་མཁར་གྱི་བྱས་རྗེས་སྙན་ཞུ་ལ་ཉན་རྗེས། དགེ་རྒན་ཚོས་ལང་ལོང་གིས་སྔོན་ཐོན་བྱས་རྗེས་དེ་བསམ་བློའི་སྒུལ་ཤུགས་སུ་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་སྣེ་ཁྲིད་བྱས་པ་དང་། སྔོན་ཐོན་བྱས་རྗེས་དེ་སློབ་ཐུན་རེ་རེའི་ཁྲོད་དུ་འདྲེས་པར་བྱས་ཏེ། སློབ་མ་ཚོའི་སྔོན་ཐོན་མི་སྣར་སློབ་སྦྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་བརྟན་པོ་འཛུགས་པར་སློབ་གསོ་གཏོང་རྒྱུའི་ཚུལ་བསྟན་པ་དང་། སློབ་མ་ཚོས་ཀྱང་རྡོ་རྗེ་མཁར་གྱི་ཉེན་ཁར་མི་སྐྲག་པ་དང་རང་སྲོག་བློས་བཏང་བའི་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་བྱེད་རྒྱུའི་ཚུལ་བསྟན།

བསྟུད་མར་ཉིན་འགའི་རིང་། ས་ཆ་སོ་སོའི་སློབ་གྲྭ་རུ་རྡེ་རྗེ་མཁར་གྱི་རང་སྲོག་བློས་བཏང་བའི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་། སློབ་གྲྭ་སོ་སོས་མིག་སྔའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་གྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། སློབ་གྲོགས་རྡོ་རྗེ་མཁར་གྱི་སྙིང་སྟོབས་དང་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་རྒྱ་ཆེན་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག