མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་ཞིང་ཆེན་དངུལ་གཏོང་ཉོ་ཚོང་ཚོང་གཏམ་ཚོགས་འདུ་ཟླ6པའི་ཚེས10ནས་ཚེས13ཉིན་བར་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་མཚོ་སྔོན་ཞིང་ཆེན་དངུལ་གཏོང་ཉོ་ཚོང་ཚོང་གཏམ་ཚོགས་འདུ་ད་ལོའི་ཟླ6པའི་ཚེས10ནས་ཚེས13ཉིན་བར་ཟི་ལིང་ནས་བསྡུ་རྒྱུ་རེད། སྐབས་དེར་ཐོག་དང་པོར་དར་གོས་ཚོང་ལམ་དཔལ་འབྱོར་ཞིབ་འཇུག་གྲོས་བསྡུར་བྱ་འགུལ་ཐོག་མ་དང་མཚོ་སྔོན་པོའི་གློག་སྒུལ་འཁོར་ལོའི་འགྲན་སྡུར་ཐོག་དང་པོ་སྤེལ་རྒྱུ་རེད།

ཐེངས་འདིའི་མཚོ་སྔོན་ཚོང་གཏམ་ཚོགས་འདུའི་སྟེང་། གཙོ་བོ་ཆ་འཕྲིན་འཛད་སྤྱོད་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་ཐོན་ལས་གསར་བ་མཚམས་སྦྱོར་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་ཀྲུང་དབྱང་ཁེ་ལས་དང་། རྒྱལ་གཉེར་ཁེ་ལས་ཆེན་མོ། དམངས་གཉེར་ཁེ་ལས་གྲགས་ཅན་དང་། ཚོར་རར་འདོན་པའི་ཀུང་ཟི་དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཆེན་པོ་ལྔ་བརྒྱ་དང་། ཕྱི་རྒྱལ་གྱི་དངུལ་གཏོང་ལས་ཁུངས་བཅས་གདན་འདྲེན་ཞུ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག