མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱིས་ཐེངས་གཉིས་པའི་རྒྱ་བསྐྱེད་ཚོགས་འདུ་བསྡུས་ཤིང་ཝང་ཞའོ་ཡིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-27 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གཉིས་པ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་གཞོན་པ། ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཝང་ཞའོ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ན་ནིང་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བར་ཁས་ལེན་གང་ལེགས་བྱས། ཚོགས་འདུས་བསྟན་དོན། ཞིང་ཆེན་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྐབས་གསར་བའི་སྒྲིག་འཛུགས་བཅོས་སྒྱུར་རྗེས་ཀྱི་འཁོར་སྐྱོད་རྒྱབ་ལྗོངས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དེས་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་གནས་བབ་ལ་བསྟུན་པ་དང་དེང་རབས་ཀྱི་བཅོས་སྐྱོང་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། མང་ཚོགས་ཀྱི་ཟས་རིགས་སྨན་རྫས་ཐད་ཀྱི་རེ་འདོད་སྐོང་བ་སོགས་ཀྱི་ཐད་ཐོན་པའི་རིན་ཐང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་དགོས་གལ་རང་བཞིན་དང་འགན་འཁྲི་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། བྱ་བའི་བཀོད་སྒྲིག་ཐད་ནས། རྩ་ལག་མཉམ་བཅོས་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་པ་དང་། ལམ་ལུགས་དང་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་ཚོགས་མཉམ་སྐྱོང་གི་རྣམ་པ་ཆགས་པར་བྱེད་དགོས། སྒྲིག་གཞིའི་འཛུགས་སྐྲུན་ཐད་ནས། ཕན་ཚུན་ལ་རོགས་རེས་མཉམ་ལས་ཀྱི་རྣམ་པ་ཆགས་པར་ཤུགས་བསྣན་ཏེ་ས་གནས་འབྲེལ་ཡོད་ལས་ཁུངས་ཁག་དང་ཞིང་ཆེན་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡོང་བར་འབད་བརྩོན་བྱས་ཏེ། ས་གནས་སྲིད་གཞུང་དང་ཞིང་ཆེན་གྱི་འཕེལ་རྒྱས་བླང་བྱ་དང་ཞིང་ཆེན་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་རེ་འདུན་གཅིག་གྱུར་ངང་འཆར་འགོད་བྱས་ཏེ། དམིགས་འབེན་དང་བྱ་སྤྱོད་གཅིག་གི་སྟེང་ཆགས་པར་བྱེད་དགོས།

གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་ཞིང་ཆེན་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དག་ཚོགས་འདུར་ཞུགས་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག