མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་རྩྭ་སའི་སྟེང་གི་ཨ་བྲའི་གནོད་པ་འགོག་བཅོས་བྱས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རྩྭ་ཐང་གི་ཨ་བྲའི་གནོད་པ་འགོག་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། ཟླ3པའི་ཚེས14ཉིན་བར་དུ། རྫོང་ཡོངས་ཀྱི་མངའ་ཁོངས་ཀྱི་ས་ཁུལ་བཞི་ཡི་ཨ་བྲའི་གནོད་འགོག་ས་ཚིགས་བདུན་གྱིས་ངལ་རྩོལ་བ་ལྔ་བརྒྱ་དང་དྲུག་ཅུ་རྩ་འཛུགས་བྱས་ཏེ།རྩྭ་ས་སྤྱི་ཆིང་ཁྲི་བཞི་ལྷག་གི་སྟེང་ནས་ཨ་བྲ་དང་རི་བོང་གི་གནོད་པ་འགོག་བཅོས་བྱས་པ་དང་། འགོག་བཅོས་བྱས་ཚད་བརྒྱ་ཆའི་གོ་ལྔ་ཡན་དུ་བསླེབས་པ་དང་། རྟོག་ཞིབ་བྱས་པ་ལྟར་ན་ཆ་སྙོམས་ཀྱི་གནོད་འགོག་བྱེད་ཚད་བརྒྱ་ཆའི་གོ་ལྔའི་ཡན་ལ་བསླེབས་ཡོད། སྔོན་དཔག་བྱས་པ་ལྟར་ན། ཟླ་གསུམ་པའི་ཟླ་སྨད་དུ་མཐོ་སྒང་གི་རྩྭ་ས་སྤྱི་ཆིང་ཁྲི་བརྒྱད་ཙམ་གྱི་སྟེང་དུ་ཨ་བྲ་དང་རི་བོང་གི་གནོད་པ་འགོག་བཅོས་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག