མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:34

00123.jpg

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཟི་ལིང་ནས་གྲོལ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཟི་ལིང་ནས་གྲོལ།

    ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞེ་བརྒྱད་བཅས་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན་ལ། ཧྲིན་ཧི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

    ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མཚོ་ཤར་ས་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་གཏན་ཁེལ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བུ་སྐྱེ་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁ་སྣོན་བྱེད་པའི་སྐོར་གྱི་གཏན་ཁེལ་བཅས་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་དོན་དག་ལ་གྲོས་འཆམ་བྱུང་།

    ཚོགས་ཐོག་ནས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། རྒྱུས་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བྱེད་ཐབས་འདི་འདྲ་ཞིག་བཟོ་བའི་དགོས་གལ་ཧ་ཅང་ཆེ་བར་སྙམ་ལ། དེ་དང་མཉམ་དུ་བཟོ་བཅོས་ཀྱི་བསམ་འཆར་འགའ་བཏོན་པ་དེ་གྲོས་ཚོགས་གྲོལ་རྗེས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཞིབ་འཇུག་དང་བཟོ་བཅོས་བྱས་ཏེ། རྗེས་ཕྱོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་ཕུལ་རྒྱུ་རེད།

    ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

    ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་གྲོས་རྗེས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་བདུན་པ་སྤེལ་བ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་་གི་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་མི་སྣ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ། ཞིང་ཆེན་སྦྲག་སྲིད་མ་ལག་གི་ལས་བྱེད་པ་དང་ལས་བཟོ་བ་བཅས་ཀྱིས་མཉམ་དུ་རྒྱལ་ཁབ་སྦྲག་སྲིད་ཅུའུ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧྥིན་ལིས་ཧུའུ་ཀྱིས་ཕུལ་བའི་སྦྲག་སྲིད་ཁྲིམས་ལུགས་འཛུགས་སྐྲུན་གྱི་ལས་རིགས་འཕེལ་རྒྱས་དང་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་ཞེས་པའི་ཆེད་དོན་འཆད་ཁྲིད་ལ་ཉན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག