མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་དང་ན་གོར་མོ་གྲོང་ཁྱེར་དེ་རྒྱལ་ཁབ་སྐོར་དང་པོའི་ནུས་ཁུངས་གསར་བ་འཛུགས་པའི་དཔེ་སྟོན་གྲོང་ཁྱེར་ནང་ཚུད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-27 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་བརྩོན་ལེན་བྱས་པ་བརྒྱུད། ཉེ་ལམ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་སྐོར་དང་པོའི་ནུས་ཁུངས་གསར་བ་འཛུགས་པའི་དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དང་ན་གོར་མོ་གྲོང་ཁྱེར་གཉིས་དེའི་ནང་དུ་ཚུད་ཡོད། ནུས་ཁུངས་གསར་བ་འཛུགས་པའི་དཔེ་སྟོན་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་གྲོང་རྡལ་གྱི་སླར་སྐྱེ་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ལ་སྣེ་ཁྲིད་བྱས་ཏེ། གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་སྐུལ་འདེད་ཐད་ལ་ནུས་པ་གལ་ཆེན་ཐོན་ཐུབ།

ནུས་ཁུངས་གསར་བའི་དཔེ་སྟོན་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་དེ་དམིགས་ཡུལ་དུ་བཟུང་སྟེ། གསར་དར་གྲོང་རྡལ་ཅན་འཛུགས་སྐྲུན་ལ་ཟུང་སྦྲེལ་བྱས་ཏེ་གྲོང་རྡལ་གསར་བ་དང་ནུས་ཁུངས་གསར་བ། འཚོ་བ་གསར་བའི་འཕེལ་རྒྱས་འདུ་ཤེས་ལ་གཞིགས་ནས། སླར་སྐྱེ་ཐུབ་པའི་ནུས་ཁུངས་དམིགས་བསལ་གྱིས་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་གཏན་འཁེལ་བྱེད་པ་དང་། གྲོང་ཁྱེར་གྱི་སླར་སྐྱེ་ཐུབ་པའི་ནུས་ཁུངས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཧུར་བརྩོན་གྱིས་རིགས་སོ་སོའི་ནུས་ཁུངས་གསར་བ་དང་སླར་སྐྱེ་ཐུབ་པའི་ནུས་ཁུངས་ལག་རྩལ་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དུ་གློག་འདོན་པ་དང་དྲོད་འདོན་པ། སོལ་རླངས་འདོན་པ། འགྲིམ་འགྲུལ་དང་བཟོ་སྐྲུན་ཁྲོད་དུ་བེད་སྤྱད་དེ་གྲོང་ཁྱེར་གྱི་སླར་སྐྱེ་ཐུབ་པའི་ནུས་ཁུངས་འཛད་སྤྱོད་གྱི་བསྡུར་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་ཐུབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག