མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱིས་མི་ས་ཡ་གསུམ་ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་སྤེལ་རྗེས། མི་ས་ཡ་གསུམ་ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། མཁར་གྲོང་ཉེར་གཉིས་ལ་ཆུ་འདོན་སྤྲོད་བྱེད་ཐུབ།

ད་ལྟ་ཙོང་ཆུའི་བཞུར་རྒྱུན་གྱི་བཟོ་སྐྲུན་ཆེན་མོ་དེ་བདེ་བླག་ངང་ལག་བསྟར་བྱེད་བཞིན་པ་དང་། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་གཙོ་བོ་དང་། བྱང་ཕྱོགས་ཀྱི་ཆུ་རྐའི་བཟོ་སྐྲུན་ཕྱོགས་ཡོངས་ནས་སྤེལ་བཞིན་པའི་སྒང་རེད།

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ནི་ཆུའི་ཐོན་ཁུངས་ལྟོས་བཅོས་ཀྱིས་ཅུང་ཕུན་སུམ་ཚོགས་པའི་འཇུ་ལག་ཆུ་བོ་དེ་ཏ་པན་རི་བོ་བརྒྱུད་ནས་ཙོང་ཆུར་དྲངས་ནས། ཙོང་ཆུའི་བཞུར་རྒྱུན་གྱི་ཆུའི་ཐོན་ཁུངས་ཀྱི་དགོས་མཁོ་བསྐོང་བའི་བཟོ་སྐྲུན་ཞིག་ཡིན་ལ། བཟོ་སྐྲུན་དེར་སྔོན་དཔག་བྱས་པ་ལྟར་ན་སྤྱིའི་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་བརྒྱད་བྱེ་བ་དྲུག་ས་ཡ་ལྔ་གཏོང་རྒྱུ་ཡིན་པ་དང་། བཟོ་སྐྲུན་དེ་ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་། མཚོ་ཤར། མཚོ་བྱང་བཅས་གྲོང་ཁྱེར་གཉིས་དང་། ཁུལ་གཅིག་གི་རྫོང་དང་ས་ཁུལ་བདུན་ལ་ཕན་ཐོགས་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག